Skip to main content Skip to search
mtshun lha'i gdon
ID:
T241291
  • མཚུན་ལྷའི་གདོན (Tibetan, Tibetan script, Original)
    • > mtshun lha'i gdon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsün lhé dön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མཚུན་ལྷ་ཞེས་བོན་ཆོས་ཀྱི་བརྡ་ལས་བྱུང་བའི་སྔར་གྱི་ཕ་མེས་ཤི་བའི་རྣམ་ཤེས་དུར་གྱི་ལྷར་གྱུར་པ་གྲགས་པའི་མིང་ཡིན་ཀྱང་། སྐབས་འདིར་ཡི་དྭགས་ལ་ལས་སྔར་གྱི་ཕ་མེས་ཤི་བ་དེར་བརྫུས་ནས་དུར་དུ་གནས་པའམ་གཤིན་པོ་དེའི་རྟགས་དང་ཆ་ལུགས་བཟུང་ནས་ཉེ་འབྲེལ་ལ་འབབ་སྟེ་སྨྱོ་ལབ་སོགས་བྱེད་པའི་འབྱུང་གདོན་ཞིག་གི་མིང་ཡིན་པས་དེས་གཏོང་བའི་གདོན་ནད་ལ་མཚུན་ལྷའི་གདོན་ཞེས་ཟེར་ཏེ། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཡི་དྭགས་མཚུན་ལྷའི་གདོན་གྱི་རྟགས། མིག་ནི་གསལ་ཞིང་བཞིན་རས་སྣུམ། རྐན་ནི་སྐམ་པར་བྱེད་པ་དང་། མིག་དང་རྫི་མ་བསྐྱོད་པ་དང་། གཉིད་ཆེ་མེ་དྲོད་ཆུང་བ་དང་། གཡོན་ཕྱོགས་ནས་ནི་གོས་གྱོན་ཞིང་། ཤ་དང་བུ་རམ་ཏིལ་ལ་དགའ། ཚིལ་འཁུལ་བ་ནི་ཡིན་ཞེས་བྱེད། ཅེས་གསུངས།

language:
Tibetan