Skip to main content Skip to search
mtshur ston dbang gi rdo rje
ID:
T241292
  • མཚུར་སྟོན་དབང་གི་རྡོ་རྗེ (Tibetan, Tibetan script, Original)
    • > mtshur ston dbang gi rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsur tön wang gi dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མར་པའི་སློབ་མ་ཀ་ཆེན་བཞིའི་ཡ་གྱལ་ཤར་གྱི་ཀ་ཆེན། འདི་ཉིད་དོལ་གྱི་མདའ་ན་མཚུར་ཞེས་བྱ་བའི་རིགས་སུ་སྔགས་འཆང་གི་རྒྱུད་པ་མཐུ་ཆེ་བ་ཞིག་ཡོད་པ་དེའི་སྲས་སུ་སྐུ་འཁྲུངས། གཞོན་ནུའི་དུས་སུ་དགེ་བའི་བཤེས་གཉེན་ལྕེ་པའི་སར་སློབ་གཉེར་ལ་བྱོན། ཁོང་གི་ཁྱིམ་ཡོ་བྱད་ཀྱིས་དབུལ་བས་མས་ཁྱིམ་དུ་སྡོད་དགོས་པའི་བཀའ་བཏང་བར། ཁོང་གིས། མཁས་པ་ཐམས་ཅད་དཀའ་བ་སྤྱད་ཅིང། བརྩོན་འགྲུས་སྐྱེད་པ་ལས་འབྱུང་བ་ཡིན་པས་ཨ་མས་ངའི་ཆོས་ཀྱི་བར་ཆད་མ་བྱེད་ཅིག། ང་སངས་རྒྱས་པའི་ཚེ་ཁྱེད་བརྩེ་བས་མི་འདོར་བ་ཡིན་ནོ་གསུངས་ཏེ་སློབ་གཉེར་ལ་འབད་པ་ཆེན་པོ་མཛད། དུས་ཕྱིས་མར་པའི་སྙན་གྲགས་གསན་ནས་དད་པས་ཡིད་དྲངས་ཏེ་ལྷོ་བྲག་མར་པའི་སྤྱན་སྔར་ཕེབས་ནས་གསང་བ་འདུས་པའི་རྒྱུད་དང་གདམས་པ་གནང་བར་ཞུས་པས་ཆོས་ཕྲ་མོ་འདྲ་བ་གནང་སྟེ་རྫོགས་པར་གནང་བ་ཞལ་གྱིས་བཞེས་པ་ལྟར་ཕྱིས་མཚུར་སྟོན་གྱིས་དོལ་མདར་རང་གི་གནས་སུ་མར་པ་སྤྱན་འདྲེན་སྐབས་རིམ་ལྔའི་མན་ངག་དང། རྒྱུད་རྐྱང་གི་བཤད་པ་རྫོགས་པར་གནང་ངོ། །མཚུར་སྟོན་ལ་སློབ་མ་མང་དུ་ཡོད་པ་ལས་གཙོ་བོ་ནི་ཁམས་པ་རོ་མཉམ་རྡོ་རྫེ་དང། མཁོན་གད་པ་ཀིརྟི། འཆེས་སྟོན་བསོད་ནམས་རྒྱལ་མཚན་གསུམ་ཡིན། འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། 《རྡོ་རྫེ་ཕག་མོའི་སྒྲུབ་ཐབས》《རྡོ་རྫེ་རྣལ་འབྱོར་མ་ལ་མཆོད་པ་མདོར་བསྡུས་པ》《རྫེ་བཙུན་རྡོ་རྫེ་རྣལ་འབྱོར་མ་མཆོད་པའི་ཆོ་ག》བཅས་སོ། །

language:
Tibetan

2. Thupten Phuntsok Dictionary

མར་པའི་སློབ་མ་ཀ་ཆེན་བཞིའི་ཡ་གྱལ་ཤར་གྱི་ཀ་ཆེན། འདི་ཉིད་དོལ་གྱི་མདའ་ན་མཚུར་ཞེས་བྱ་བའི་རིགས་སུ་སྔགས་འཆང་གི་རྒྱུད་པ་མཐུ་དུས་སུ་དགེ་བའི་བཤེས་གཉེན་ལྕེ་པའི་སར་སློབ་གཉེར་ལ་བྱོན། ཁོང་གི་ཁྱིམ་ཡོ་བྱད་ཀྱིས་དབུལ་བས་མས་ཁྱིམ་དུ་སྡོད་དགོས་པའི་བཀའ་བཏང་བར། ཁོང་གིས། མཁས་པ་ཐམས་ཅད་དཀའ་བ་སྤྱད་ཅིང་། བརྩོན་འགྲུས་སྐྱེད་པ་ལས་འབྱུང་བ་ཡིན་པས་ཨ་མས་ངའི་ཆོས་ཀྱི་བར་ཆད་མ་བྱེད། འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། རྡོ་རྗེ་རྣལ་འབྱོར་མ་ལ་མཆོད་པ་མདོར་བསྡུས་པ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མཆོད་པའི་ཆོ་ག་བཅས་སོ། །

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་དོལ་མདའ་ལ་ཡབ་སྔགས་པ་མཐུ་ཆེན་ཞིག་གི་སྲས་སུ་སྐུ་འཁྲུངས། གདུང་རུས་མཚུར (འཚུར) ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དགེ་བའི་བཤེས་གཉེན་ལྕེ་པའི་མདུན་དུ་ཕེབས་ཏེ་དཀའ་བ་དུ་མ་སྤྱད་ནས་སློབ་གཉེར་མཛད། དུས་ཕྱིས་སུ་སྐུ་བསོད་རྒྱས་ཏེ་འབུམ་བཞེངས་པའི་ཡིག་མཁན་ལ་ད་ལྟ་གསང་བ་འདུས་པའི་གདམས་པ་སུ་ཆེ་དྲིས་པས་ལྷོ་བྲག་མར་པ་ཆེ་ཟེར། དེ་ནས་དད་པ་ཚད་མེད་སྐྱེས་ཏེ་ལྷོ་བྲག་བྲོ་བོ་ལུང་དུ་བྱོན་ནས་རྗེ་མར་པའི་བཀའ་ལུང་ལྟར་མཐུ་མཛད་དེ་སྐུ་དགྲ་མར་པ་མོན་ནག་བཏུལ། གསང་བ་འདུས་པའི་རྒྱུད་དང་གདམས་ངག་མང་དུ་ཞུས། དུས་ཕྱིས་སུ་རྗེ་མར་པ་མཚུར་གྱི་དོལ་མདའ་ལ་སྤྱན་དྲངས་ནས་ཆོས་རིམ་ལྔའི་མན་ངག་དང་རྒྱུད་རྐྱང་གི་བཤད་པ་ཡོངས་སུ་རྫོགས་པ་ཞུས། སྒྲུབ་པ་ཉམས་ལེན་ལེགས་པར་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཁམས་པ་རོ་མཉམ་རྡོ་རྗེ་དང་། འཁོན་[1406]གད་པ་ཀཱིརྟི། འཆེས་སྟོན་བསོད་ནམས་རྒྱལ་མཚན་བཅས་ཡིན། ཁོང་ནི་རྗེ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་ཀ་ཆེན་བཞི་ལས་ཤར་གྱི་ཀ་ཆེན་ཡིན་ནོ། །

language:
Tibetan