- mtsher shag rdo khang sngon mo
- ID:
- T241312
- མཚེར་ཤག་རྡོ་ཁང་སྔོན་མོ (Tibetan, Tibetan script, Original)
- > mtsher shag rdo khang sngon mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > tser shak do khang ngönmo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྡེ་སྲིད་ཕག་མོ་གྲུ་པའི་ཁྲི་རབས་བཅུ་གཅིག་པ་ངག་དབང་བཀྲ་ཤིས་པས་འབྲས་སྤུངས་དགོན་པའི་ནུབ་ངོས་སུ་ཡོད་པའི་མཚེར་ཤག་རྡོ་ཁང་སྔོན་མོ་ཟེར་བ་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ལ་ཕུལ། རྟེན་འབྲེལ་གྱི་ཆེད་དུ་རྡོ་ཁང་སྔོན་པོ་ལ་དགའ་ལྡན་ཕོ་བྲང་ཞེས་བཏགས། ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དང་གསུམ་པ་གཉིས་བཞུགས་ས་བྱས་རུང་སྐབས་དེར་ཁང་པ་རྒྱ་ཁྱོན་ཆུང་ཞིང་གུ་ཡུལ་དོག་པོ་ཞིག་ལས་མེད། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་གསོལ་དཔོན་དང་དེ་རྗེས་ཕྱག་མཛོད་ཀྱི་ལས་འགན་འཁུར་མཁན་སྐུ་མདུན་རིན་པོ་ཆེ་ཆོས་བཟང་འཕྲིན་ལས་ཞུ་བ་དེས་རབ་བྱུང་བཅོ་ལྔ་པའི་མེ་གླང(༡༥༧༧)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་ལ་ཕེབས་པའི་རྗེས་ཙམ་ནས་ཆུ་ཡོས(༡༦༠༣)ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་བོད་དུ་གདན་ཞུ་མ་བྱས་པའི་བར་ལོ་ཉི་ཤུ་རྩ་གྲངས་དེའི་ནང་དགའ་ལྡན་ཕོ་བྲང་གི་རྒྱ་ཁྱོན་འདི་ཉིད་གསར་བསྐྲུན་བྱས་ནས་ད་ལྟའི་ཐོག་སོ་རེ་ལ་ལོ་རེ་ཙམ་འགོར་བ་རྩིག་པ་སྲ་བརྟན་བརྩིགས། དེ་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་རྩེ་པོ་ཏ་ལ་བཞེངས་སྐབས“སྐུ་མདུན་རིན་པོ་ཆེ་ཆོས་བཟང་འཕྲིན་ལས་ཀྱིས་དགའ་ལྡན་ཕོ་བྲང་ཐོག་སོ་རེ་ལ་ལོ་རེ་མཛད་པས་དེང་སང་ཤིན་ཏུ་ཐང་བའི་དཔེ་དང་བཅས”བྱུང་ཚུལ་སོགས་གསུངས་ནས་རྩེ་ཕོ་བྲང་གསར་བཞེངས་མཛད་སྐབས་ཐུགས་ཁུར་གནང་ཚུལ་སྐོར་ལྔ་པའི་རྣམ་ཐར་ནང་གསལ། རབ་བྱུང་བཅུ་པའི་ཆུ་ཡོས(༡༦༠༣)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་བོད་དུ་ཕེབས་སྐབས་འབྲས་སྤུངས་དགའ་ལྡན་ཕོ་བྲང་གསར་བསྐྲུན་ཟིན་པ་དེའི་ནང་བཞུགས་ཆོག་ཆོག་བྱུང་འདུག ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ལྡེབས་རིས་ཤིང་རྩི་སོགས་གསར་བཀོད་དང་དེ་ནས་ཏཱ་ལའི་བླ་མ་རིམ་བྱུང་བཞུགས་ཡུལ་བྱས་སོ། །
- language:
- Tibetan
2. Thupten Phuntsok Dictionary
སྡེ་སྲིད་ཕག་མོ་གྲུ་པའི་ཁྲི་རབས་བཅུ་གཅིག་པ་ངག་དབང་བཀྲ་ཤིས་པས་འབྲས་སྤུང་དགོན་པའི་ནུབ་ངོས་སུ་ཡོད་པའི་མཚེར་ཤག་རྡོ་ཁང་སྔོན་མོ་ཟེར་བ་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ལ་ཕུལ། རྟེན་འབྲེལ་གྱི་ཆེད་དུ་རྡོ་ཁང་སྔོན་པོ་ལ་དགའ་ལྡན་ཕོ་བྲང་ཞེས་བཏགས། ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དང་གསུམ་པ་གཉིས་བཞུགས་ས་བྱས་རུང་སྐབས་དེར་ཁང་པ་རྒྱ་ཁྱོན་ཆུང་ཞིང་གུ་ཡུལ་དོག་པོ་ཞིག་ལས་མེད་དོ། །
- language:
- Tibetan