- mtsho steng dgon
- ID:
- T241326
- མཚོ་སྟེང་དགོན (Tibetan, Tibetan script, Original)
- > mtsho steng dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > tso teng gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཉིས་ཡོད་དེ། (1)ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་ཁོངས་སུ་ཡོད་པའི་མཚོ་སྟེང་དགོན་ནི། སྟག་ལུང་ཁྲི་ཐོག་བདུན་པ་རིན་ཆེན་འོད་ཟེར་གྱིས་བཏབ། བཏབ་དུས་གསལ་པོར་མ་ངེས། གྲུབ་མཐའ་བཀའ་བརྒྱུད་པ་ཡིན། (2)ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་ཁོངས་སུ་ཡོད་པའི་མཚོ་སྟེང་དགོན་ནི། དཔལ་གཤེན་བསྟན་ནོར་བུའི་གླིང་ཞེས་ཀྱང་གྲགས། ཧ་ལམ་སྤྱི་ལོ་ (༡༠༢༥) ལོར་བསྟན་པ་རྒྱལ་མཚན་ནས་གསར་འདེབས་མཛད་པར་སྣང་། གྲུབ་མཐའ་བོན་པོ་ཡིན།
- language:
- Tibetan