Skip to main content Skip to search
mtsho smad dgon
ID:
T241331
  • མཚོ་སྨད་དགོན (Tibetan, Tibetan script, Original)
    • > mtsho smad dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tso mé gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྟོད་ལུང་བདེ་ཆེན་རྫོང་ཁོངས་མཚོ་སྨད་དགོན་པ་ནི་སྤྱི་ལོའི་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོས་ལྷ་སའི་ཇོ་བོ་རྣམ་གཉིས་བཞུགས་ཡུལ་གཙུག་ལག་ཁང་གཉིས་བཞེངས་པར་མཛད་རྗེས་མཚོ་སྨད་དུ་རྣམ་སྣང་གཙོ་གྱུར་གྱི་རིགས་ལྔའི་ལྷ་ཁང་ཞིག་ཞལ་ཤར་དུ་གཟིགས་ནས་གསར་བཞེངས་མཛད། བསྟན་པ་ཕྱི་དར་གྱི་འགོར་དབུས་གཙང་མཁས་པ་མི་བཅུའི་ཡ་གྱལ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་དེར་དགེ་འདུན་གྱི་སྡེ་གསར་འཛུགས་གནང་། འདུ་ཁང་ནང་དུ་སྐུ་རྒྱུ་ལི་ལས་གྲུབ་པའི་ཇོ་བོ་ཐོག་ཚད་ཙམ་བྱིན་ཅན་སོགས་ཡོད་ལ་གསོ་རིག་མཁས་དབང་ཤཱཀྱ་དབང་ཕྱུག་གིས་མཁན་པོ་མཛད་སྐབས་དར་རྒྱས་ཆེ་ཞིང་མཚོ་སྨད་མཁན་ཆེན་ཞེས་མཚན་སྙན་ཆེ་བ་བྱུང་། རིག་གནས་གསར་བརྗེའི་སྐབས་ཉམས་ཆག་ཆེ་ཙམ་བྱུང་ཡང་དེང་སྐབས་དགོན་པར་ཉམས་གསོ་དང་འབྲེལ་ཆོས་ཀྱི་བྱེད་སྒོ་རྣམས་ཀྱང་སྐྱར་གསོ་བྱུང་འདུག

language:
Tibetan

2. Thupten Phuntsok Dictionary

སྟོད་ལུང་བདེ་ཆེན་རྫོང་ཁོངས་མཚོ་སྨད་དགོན་པ་ནི་སྤྱི་ལོའི་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོས་ལྷ་སའི་ཇོ་བོ་རྣམ་གཉིས་བཞུགས་ཡུལ་གཙུག་ལག་ཁང་གཉིས་བཞེངས་པར་མཛད་རྗེས་མཚོ་སྨད་དུ་རྣམ་སྣང་གཙོ་གྱུར་གྱི་རིགས་ལྔའི་ལྷ་ཁང་ཞིག་ཞལ་ཤར་དུ་གཟིགས་ནས་གསར་བཞེངས་མཛད། བསྟན་པ་ཕྱི་དར་གྱི་འགོར་དབུས་གཙང་མཁན་པ་མི་བཅུའི་ཡ་གྱལ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་དེར་དགེ་འདུན་གྱི་སྡེ་གསར་འཛུགས་གནང་། འདུ་ཁང་ནང་དུ་སྐུ་རྒྱུ་ལི་ལས་གྲུབ་པའི་ཇོ་བོ་ཐོག་ཚད་ཙམ་བྱིན་ཅན་སོགས་ཡོད་ལ་གསོ་རིག་མཁས་དབང་ཤཱཀྱ་དབང་ཕྱུག་གིས་མཁན་པོ་མཛད་སྐབས་དར་རྒྱས་ཆེ་ཞིང་མཚོ་སྨད་མཁན་ཆེན་ཞེས་མཚན་སྙན་ཆེ་བ་བྱུང་། རིག་གནས་གསར་བརྗེའི་སྐབས་ཉམས་ཆག་ཆེ་ཙམ་བྱུང་ཡང་དེང་སྐབས་དགོན་པར་ཉམས་གསོ་དང་འབྲེལ་ཆོས་ཀྱི་བྱེད་སྒོ་རྣམས་ཀྱང་སྐྱར་གསོ་བྱུང་འདུག

language:
Tibetan