- dzA ya blo bzang 'phrin las
- ID:
- T241399
- ཛཱ་ཡ་བློ་བཟང་འཕྲིན་ལས (Tibetan, Tibetan script, Original)
- > dzA ya blo bzang 'phrin las (Tibetan, Latin script, Transliteration-THL Extended Wylie Transliteration)
- > dza ya lo zang trinlé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སོག་པོ་ཇིང་གེའི་རྒྱུད་ཡབ་ས་མཐར་མིང་ཅན་དང་ཡུམ་ཨོ་ཁི་ཏ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ(༡༦༤༢)ལོར་འཁྲུངས། དགུང་ལོ་བཞིའི་ཐོག་འདུལ་འཛིན་བློ་གྲོས་རྒྱ་མཚོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་གྲངས་ལྔ་ནས་བཅུ་ཡི་བར་སློབ་དཔོན་ཤེས་རབ་རིན་ཆེན་གྱི་དྲུང་ནས་འཇིགས་བྱེད་དང་། གདུགས་དཀར། གསང་འདུས་སོགས་ཐུགས་འཛིན་མཛད། དགུང་ལོ་ཉེར་གཅིག་ལ་དབུས་ཕྱོགས་སུ་ཕེབས་ནས་གཙང་དུ་བྱོན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་མཇལ་ཏེ་ཆོས་འབྲེལ་ལྗགས་ལུང་གསན། དེ་ནས་རྒྱལ་དབང་ལྔ་པ་ཆེན་པོ་ཐོག་མར་མཇལ་ཞིང་དགའ་བདེས་ཚིམ། རྒྱལ་དབང་ཆེན་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་ཞུས། གླིང་སྟོད་ཞབས་དྲུང་བློ་བཟང་རྒྱ་མཚོའི་དྲུང་ནས་སྤྱོད་འཇུག་དང་། གསོ་རིག་རྩ་རྒྱུད་ཀྱི་ལུང་ཞུས། བཀྲ་ཤིས་ལྷུན་པོར་གསར་ཞུགས་ཀྱིས་རྣམ་འགྲེལ་ཡོངས་རྫོགས་ཐུགས་ལ་བཟུང་ནས་རྩོད་པ་སོགས་བརྩོན་འགྲུས་མཛད། དགུང་ལོ་ཞེར་གསུམ་ཐོག་པོ་ཏ་ལར་རྒྱལ་དབང་མཆོག་གི་དྲུང་ནས་བསྙེན་རྫོགས་བསྒྲུབས། མཚན་བློ་བཟང་འཕྲིན་ལས་ཞེས་བསྩལ། དགུང་ལོ་སོ་གསུམ་ལ་རྒྱལ་བའི་དྲུང་དུ་སྡོམ་རྒྱུན་གསར་པ་བསྐྱར་སྒྲུབ་མཛད། བཀྲས་ལྷུན་དུ་སྔ་རྗེས་སུ་གཞུང་ཆེན་པོ་ལྔ་ལ་གསན་བསམ་རྒྱ་ཆེར་མཛད་རྗེས་དགུང་ལོ་སོ་བརྒྱད་ལ་སོག་ཡུལ་དུ་ཕྱིར་ལོག་ཕེབས་ནས་གདུལ་བྱ་རྣམས་སྨིན་པར་མཛད། རྗེ་འདིས་རྒྱལ་དབང་ལྔ་པ་ཆེན་པོ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན། ཁྱབ་བདག་དགེ་འདུན་དོན་གྲུབ། སློབ་དཔོན་འཇམ་དབྱངས་གྲགས་པ། དགའ་ལྡན་ཁྲི་པ་བློ་བཟང་དོན་ཡོད་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་གསན་བསམ་དཔྱིས་ཕྱིན་གནང་། རྗེ་ཉིད་སོག་ཡིག་ལ་མཁས་པར་གྱུར་པས་ཆོས་བཀའ་མང་པོ་སོག་ཡིག་ཏུ་ཕབ་བསྒྱུར་མཛད། ལྗགས་རྩོམ་ལ་མཚོན་ན《ཤེར་ཕྱིན་དངོས་བརྒྱད་དོན་བདུན་ཅུའི་རྣམ་བཤད་ལེགས་བཤད་སྒྲོན་མེ》《སྐྱེ་བ་སྔ་ཕྱིའི་བརྟག་པ་བསྟན་བཅོས་དངུལ་དཀར་མེ་ལོང》《རང་གིས་ལཁོར་བར་སྤྱོད་ཚུལ་ཤིན་ཏུ་གསལ་བའི་སྒྲོན་མེ》《བཅོམ་ལྡན་འཕགས་མ་གདུགས་དཀར་གྱི་མངོན་དཀྱིལ་དངོས་གྲུབ་གཏེར་མཛོད》སོགས་བསྟན་བཙོས་པོད་ལྔ་ཙམ་མཛད། དགུང་ལོ་རེ་བདུན་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ས་བྱི(༡༧༠༨)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
སོག་པོ་ཇིང་གེའི་རྒྱུད་ས་མཐར་མིང་ཅན་དང་ཡུམ་ཨོ་ཁི་ཏ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ (༡༦༤༢) ལོར་འཁྲུངས། དགུང་ལོ་བཞིའི་ཐོག་འདུལ་འཛིན་བློ་གྲོས་རྒྱ་མཚོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་གྲངས་ལྔ་ནས་བཅུ་ཡི་བར་སློབ་དཔོན་ཤེས་རབ་རིན་ཆེན་གྱི་དྲུང་ནས་འཇིགས་བྱེད་དང་། གདུགས་དཀར། གསང་འདུས་སོགས་ཐུགས་འཛིན་མཛད། ལྗགས་རྩོམ་ལ་མཚོན་ན་ཤེར་ཕྱིན་དངོས་བརྒྱད་དོན་བདུན་ཅུའི་རྣམ་བཤད་ལེགས་བཤད་སྒྲོན་མེ》 སྐྱེ་བ་སྔ་ཕྱིའི་བརྟག་པ་བསྟན་བཅོས་དངུལ་དཀར་མེ་ལོང》 རང་གིས་འཁོར་བར་སྤྱོད་ཚུལ་ཤིན་ཏུ་གསལ་བའི་སྒྲོན་མེ》 བཅོམ་ལྡན་འཕགས་མ་གདུགས་དཀར་གྱི་མངོན་དཀྱིལ་དངོས་གྲུབ་གཏེར་མཛོད》སོགས་བསྟན་བཅོས་པོད་ལྔ་ཙམ་མཛད། དགུང་ལོ་རེ་བདུན་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ས་བྱི (༡༧༠༨) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ 1642 ལོར་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ 1708 ལོར་སྐུ་གཤེགས། ཁོང་དགུང་ལོ་བཞི་པར་འདུལ་འཛིན་བློ་གྲོས་རྒྱ་མཚོ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། དགུང་ལོ་ལྔ་བ་ནས་བཅུ་ཡི་བར་སློབ་དཔོན་ཤེས་རབ་རིན་ཆེན་ལས་འཇིགས་བྱེད་དང་། གདུགས་དཀར། གསང་འདུས་སོགས་ཐུགས་འཛིན་མཛད། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་རྒྱལ་དབང་ལྔ་བ་ཆེན་པོ་ལས་དགེ་ཚུལ་གྱི་སྡོམ་པ་ཞུས། གླིང་སྟོད་ཞབས་དྲུང་བློ་བཟང་རྒྱ་མཚོ་ལས་སྤྱོད་འཇུག་དང་། གསོ་རིག་རྩ་རྒྱུད་སོགས་ཀྱི་ལུང་ཞུས། དེ་ནས་གཙང་བཀྲ་ཤིས་ལྷུན་པོར་ཞུགས་ནས་དཀའ་ཆེན་ནམ་མཁའ་བསོད་ནམས་གྲགས་པར་བསྟེན་ཏེ་ཚད་མ་རྣམ་འགྲེལ་ཡོངས་རྫོགས་ཐུགས་འཛིན་མཛད་ཅིང་རྩོད་པ་ལའང་མཁས་པ་གྱུར། དགུང་ལོ་ཉེར་གསུམ་པར་རྒྱལ་དབང་ལྔ་བ་ཆེན་པོ་ལས་བསྙེན་རྫོགས་ཞུས་ཤིང་མཚན་ལ་བློ་བཟང་འཕྲིན་ལས་ཞེས་གནང་། ཁོང་གིས་[1409]རྒྱལ་དབང་ལྔ་པ་ཆེན་པོ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན། ཁྱབ་བདག་དགེ་འདུན་དོན་གྲུབ། སློབ་དཔོན་འཇམ་དབྱངས་གྲགས་པ། དགའ་ལྡན་ཁྲི་པ་བློ་བཟང་དོན་ཡོད་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད། དགུང་ལོ་སོ་བརྒྱད་པར་སོག་ཡུལ་དུ་ཕེབས་ཏེ་གདུལ་བྱ་རྣམས་སྨིན་པར་མཛད། ཁོང་སོག་ཡིག་ལ་མཁས་པར་གྱུར་པས་ཆོས་བཀའ་མང་པོ་སོག་ཡིག་ཏུ་བསྒྱུར་བར་མཛད། དགུང་ལོ་རེ་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་གི་གསུང་རྩོམ་ནི《སྐྱེ་བ་སྔ་ཕྱིའི་བརྟག་པ་བསྟན་བཅོས་དངུལ་དཀར་མེ་ལོང》དང་། 《དོན་རྒྱན་སོ་ལྔའི་དཔེར་བརྗོད་ཚངས་སྲས་དགྱེས་པའི་གླུ་དབྱངས》། 《ཡི་གེའི་བསྟན་བཅོས་མདོར་བསྡུས》བཅས་ཆོས་ཚན་སུམ་ཅུ་སོ་བཞི་ལོངས་པའི་པོད་ལྔ་བཞུགས་སོ། །
- language:
- Tibetan