Skip to main content Skip to search
mdzes rtsal yig gzugs
ID:
T241432
  • མཛེས་རྩལ་ཡིག་གཟུགས (Tibetan, Tibetan script, Original)
    • > mdzes rtsal yig gzugs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dzé tsal yik zuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཡིག་གཟུགས་ལ་མཛེས་རྒྱན་སྤྲས་ཏེ་འཚོ་བའི་ནང་གི་འདྲ་རིས་དང་རི་མོའི་དབྱིབས་ཙམ་དུ་འགྱུར་བའི་ཡི་གེར་མཛེས་རྩལ་ཡིག་གཟུགས་ཟེར། མཛེས་རྩལ་ཡིག་གཟུགས་ནི་མཛེས་པས་མི་སེམས་འགུལ་བའི་གཟུགས་བརྙན་ལ་བརྟེན་ནས་ཡི་གེའི་ནང་དོན་མཚོན་པར་བྱས་ནས་དྲིལ་བསྒྲགས་དང་། བརྡ་ཁྱབ། སྐུལ་མ་བཅས་ཀྱི་ནུས་པ་ཐོན་ཐུབ། མཛེས་རྩལ་ཡིག་གཟུགས་དར་ནས་དུས་ཚོད་ཀྱང་རིང་པོ་སོང་ཡོད། རི་མོའི་དབྱིབས་ཀྱི་ཡི་གེ་དང་། གཟུགས་འགྱུར་ཡི་གེ། སྒྲ་སྦྱོར་ཡི་གེའི་པ་ཏྲ་གཟུགས་ཀྱི་ཡི་གེ་སོགས་ཀྱང་མཛེས་རྩལ་ཡིག་གཟུགས་ཡིན། འོན་ཀྱང་དངོས་འབྲེལ་གྱི་མཛེས་རྩལ་ཡིག་གཟུགས་ནི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ནང་ཚོང་ལས་བརྡ་ཁྱབ་ཐོན་པ་དང་དུས་མཚུངས་འཕེལ་རྒྱས་བྱུང་བ་ཡིན། རང་རྒྱལ་དུ་ཆིང་རྒྱལ་རབས་ནས་འགོ་ཚུགས་ཏེ་ཚགས་པར་དང་བརྙན་པར་ཐོག་ཐོན་པ་ཡིན།

language:
Tibetan