Skip to main content Skip to search
mdzod chung mdzod sbug
ID:
T241455
  • མཛོད་ཆུང་མཛོད་སྦུག (Tibetan, Tibetan script, Original)
    • > mdzod chung mdzod sbug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dzö chung dzö buk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་ནི་དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་སྐུ་ཆས་བདག་གཉེར་བྱེད་མཁན་ལས་ཁུངས་ཤིག་སྟེ། མཛོད་སྦུག་དང་མཛོད་ཆུང་གཉིས་ཀྱི་གཙོ་བོའི་དོ་དམ་སྤྱི་མཁན་དང་། ལས་བྱ་རྩེ་མཁན་ཆེ་གཅིག་དང་མཁན་ཆུང་གཅིག ལས་ཚན་པ་གཉིས། བར་སྐབས་སྲིད་སྐྱོང་རྭ་སྒྲེང་དུས་འཕར་སྣོན་ཤོད་སྐོར་ཐའི་ཇི་གཅིག་བཅས་ཡོད་པའི་གཙོ་བོའི་ལས་འགན་མཛོད་སྦུག་དང་མཛོད་ཆུང་གཉིས་ཀྱི་ཁོངས་སུ་གསེར་དདུལ་གྱི་ས་ཕག་དང་། རྟ་རྨིག་མ། ཊམ་ཀ གཟི། བྱུ་རུ། མུ་ཏིག གཡུ། ཕ་ལམ་སོགས་རིན་པོ་ཆེའི་རིགས་དང་། གོས་དར་སོགས་རིན་ཐར་བྲལ་བའི་ཕྱག་རྫས་སྣེ་མང་འབོར་ཆེན་ཞིག་བཀར་ཁོངས་སུ་འདོན་འཇུག་དོ་དམ་བྱེད་དགོས་པའི་ཐོག དབུས་གཙང་ཁམས་སོགས་དད་སྦྱིན་ཁག་གིས་ཕུལ་དངོས་ཁོངས་ནས་སྔར་ལམ་རྩེ་ཤོད་ཕྱག་མཛོད་གཉིས་སུ་འབབ་རིགས་ཕུད། དེ་བྱིངས་མཛོད་སྦུག་ཏུ་དོ་དམ་དང་། སྐུ་སྒེར་མཛོད་སྦུག་ཏུ་སྦྱོར་འབུལ་ཞུས་པའི་གཞིས་ཁག འབྲོག་ཐང་། མི་རྩ་ཕོ་མོ་བཅས་ལ་དོ་དམ་གཉེར་སྐྱོང་། གཞན་ཡང་དབུས་གཙང་རྒྱ་ཁྱབ་གཞུང་གླིང་ཁག་ལ་ལོ་ལྟར་ལྕང་མ་འདེབས་འཛུགས་སམ། གཅོད་བྲེག ལྷ་ས་སྨོན་ཚོགས་གཉིས་དང་རྒྱུན་ཤིང་གཏོང་བྱེད་ཤིང་གཉེར་ལ་ཉེ་འཁོར་གཞུང་གླིང་ཁག་ནས་ཚོགས་ཤིང་འོས་འཚམས་གཏོང་རྒྱུ། ནོར་གླིང་ཆིབས་ར་མདོ་སྦུག་གི་དོ་དམ་དཔོན་པོ་ཆིབས་དཔོན་ཞེས་གནས་ལྔ་པའི་ལས་ཚན་པའི་གདན་ཐོབ་ཡོད་པ་གཅིག་དང་། ཆིབས་གཡོག་མི་གྲངས་ཉི་ཤུ་སྐོར། ཞོལ་ཆིབས་ར་མདོ་སྦུག་དང་། ཆབ་དྲེལ། གཟིམ་དྲེལ། རྒྱུག་མ་བཅས་ཀྱི་དོ་དམ་པ་ཆིབས་དཔོན་ཆེན་མོ་ཞེས་ཤོད་སྐོར་གནས་དྲུག་པའི་ལས་ཚན་པ་གཉིས་དང་། ཆིབས་སྦུག་ཞལ་ངོ་དང་། བར་གཞི་ཞལ་ངོ་(བར་གཞི་བ་ཞེས་པའི་ཉེ་འགྲམ་དུ་སྔར་ཆིབས་ར་ཞིག་ཡོད་པ་ཕྱིས་ཞོལ་ཆོབས་རར་ཟླ་བསྒྲིལ་བཏང་ཡང་ཆིབས་ར་ཞལ་ངོའི་སྔར་མིང་རང་འཇགས་ཐོགས་པ)གཉིས། ཆིབས་བཅོས་ཞལ་ངོ་། ལག་དོ་མི་བཞི། འགོ་ཡན་མི་བཅུ(ཨ་དྲུང)གཟིམ་དྲེལ་ཞལ་ངོ་། རྒྱུག་མ་ཞལ་ངོ་ཞེས་དྲུང་གཏོགས་མི་གཉིས། དེ་འོག་གཟིམ་དྲེལ་ལག་དོ་མི་གྲངས་བཅོ་ལྔ་སྐོར་བཅས་ཀྱི་རྒྱུན་གཏན་བྱེད་སྒོ་གང་ཅི་སྤྱི་མཁན་ནས་འགོ་འདོམས་བྱེད་དགོས། མཛོད་སྦུག མཛོད་ཆུང་ནས་སྐྱེད་ཡང་མ་འགྲེམ་གནང་བའི་མཛོད་སྦུག་དདུལ་སྐྱེད་དོ་དམ་གོང་གསལ་མཁན་ཆེ་ཅན་དང་། མཛོད་ཆུང་དདུལ་སྐྱེད་དོ་དམ་རྩེ་གཟིམ་འགག་ཁྲི་པས་གཙོས་གཟིམ་འགག་བཞི་ནས་བྱེད་དགོས། མཛོད་སྦུག་མཛོད་ཆུང་གཉིས་ཀའི་ལས་དོན་གལ་ཆེའི་རིགས་སྤྱི་མཁན་ལ་དགོངས་སྐོར་ཞུ་དགོས་ལ། ལས་དོན་རྩག་རྩིག མཁན་པོ་ཚང་གི་ཕྱག་ཁང་ཞེས་མཁན་ཕྱག་མི་གཅིག(གཞུང་གི་གོ་གནས་མེད)དང་། དྲུང་ཏོག་ཡོད་པའི་དྲུང་ཡིག་གཅིག་གིས་རྒྱུན་ཚུགས་ལས་དོན་སྒྲུབ་དགོས་པ་བཅས་ཡིན།

language:
Tibetan

2. Thupten Phuntsok Dictionary

དེ་ནི་དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་སྐུ་ཆས་བདག་གཉེར་བྱེད་མཁན་ལས་ཁུངས་ཤིག་སྟེ། མཛོད་སྦུག་དང་མཛོད་ཆུང་གཉིས་ཀྱི་གཙོ་བོའི་དོ་དམ་ཡིན་ནོ། །

language:
Tibetan