Skip to main content Skip to search
'dza' srung rin gong
ID:
T241476
  • འཛའ་སྲུང་རིན་གོང (Tibetan, Tibetan script, Original)
    • > 'dza' srung rin gong (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dza sung rin gong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་ཆེ་ནས་བཤད་ན་རྒྱལ་ཁབ་ཀྱིས་ཐོན་སྐྱེད་སྲུང་སྐྱོང་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་འགན་ལེན་བྱེད་ཕྱིར་རིན་གོང་ཚད་བཀག་ཡོད་པ་བཟོས་པར་ཟེར། དེར་བཟོ་ལས་ཐོན་རྫས་བྲིན་འཚོང་གི་རིན་གོང་མཐོ་ཤོས་དང་ཞིང་ལས་ཐོན་རྫས་བསྡུ་ཉོའི་རིན་གོང་དམའ་ཤོས་ཚུད་ཡོད། དོག་ས་ནས་བཤད་ན་རྒྱལ་ཁབ་ཀྱིས་ཐོན་སྐྱེད་བྱེད་མཁན་གྱི་ཐོན་སྐྱེད་ཀྱི་ཧུར་སེམས་སྲུང་སྐྱོང་བྱེད་ཕྱིར་ཐོན་རྫས་ཁག་ཅིག་ལ་གཏན་འཁེལ་བྱས་པའི་ཚོང་རའི་རིན་གོང་ལས་སྤྱིར་མཐོ་བའི་གཅིག་གྱུར་སྡེབས་ཉོའི་རིན་གོང་ལ་ཟེར། དཔེར་ན་ཞིང་པའི་འབྲུ་རིགས་ཐོན་སྐྱེད་ཀྱི་ཧུར་སེམས་ཆེ་རུ་གཏོང་ཕྱིར་རྒྱལ་ཁབ་ཀྱིས་འབྲུ་རིགས་བསྡུ་ཉོར་བྱ་རྒྱུར་འཛའ་སྲུང་རིན་གོང་ལག་ལེན་བསྟར་གྱི་ཡོད།

language:
Tibetan