- 'dzul mdog dang bshol mdog
- ID:
- T241518
- འཛུལ་མདོག་དང་བཤོལ་མདོག (Tibetan, Tibetan script, Original)
- > 'dzul mdog dang bshol mdog (Tibetan, Latin script, Transliteration-THL Extended Wylie Transliteration)
- > dzul dok dang shol dok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཚོན་དམར་པོ་དང་ལི་ཁྲི་སོགས་ཤོག་བུའམ་གྱང་ངོས་སུ་བྱུགས་རྗེས་མི་རྣམས་ཀྱི་སྣང་ངོར་རང་གི་ངོས་སུ་འཛུལ་ཡོང་བ་ལྟ་བུའི་འབུར་མངོན་གྱི་ཚོར་བ་ཡོང་གི་ཡོད་པས་དེར་འཛུལ་མདོག་ཚང་མ་འཛུལ་མདོག་གི་ཁོངས་སུ་གཏོགས་པ་ཡིན། མུན་ཁ་མདོག་གི་ཚོན་རྣམས་ཤོག་བུའམ་གྱང་ལྡེབས་སུ་བྱུགས་རྗེས་མི་རྣམས་ཀྱི་སྣང་ངོར་རང་གི་མདུན་ནས་ཕྱིར་བཤོལ་བྱེད་པའམ་ཀོང་ཀྱོང་གི་ཚོར་བ་ཡོང་གི་ཡོད་པས་དེར་བཤོལ་མདོག་ཟེར། སྤྱིར་བཏང་མུན་ཁ་མདོག་དང་གྲང་མདོག་ཚང་མ་བཤོལ་མདོག་གི་ཁོངས་སུ་གཏོགས་པ་ཡིན། དཔེར་ན་རི་མོའི་སྟེང་གི་དངོས་པོ་ཞིག་འབུར་ཐོན་གྱི་རྣམ་པ་སྟོན་དགོས་ན་རྒྱུན་དུ་བཤོག་མདོག་གིས་རྒྱབ་ལྗོངས་བྱེད་ཀྱི་ཡོད།
- language:
- Tibetan