- rdza khra
- ID:
- T241530
- རྫ་ཁྲ (Tibetan, Tibetan script, Original)
- > rdza khra (Tibetan, Latin script, Transliteration-THL Extended Wylie Transliteration)
- > dza tra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནའ་བོའི་ཚོན་ལྡན་རི་མོ་ཡོད་པའི་རྫ་ཆས་ལ་ཟེར། རྫ་ཆས་དེ་ཚོའི་བརྗོད་བྱ་གཙོ་བོ་ནི་གདོད་མའི་དུས་སྐབས་ཀྱི་མིའི་ངལ་རྩོལ་དང་འཚོ་བའི་གནས་ཚུལ་བཀོད་ཡོད་པ་དང་རྫ་ཆས་ཀྱི་རྒྱན་རིས་ལ་སྐྱེ་དངོས་ཀྱི་རི་མོ་དང་། སླས་འཐག་རི་མོ། སྲོག་ཆགས་རི་མོ་སོགས་ཡོད། ད་དུང་སྲོག་ཆགས་མངོན་བྲིས་རང་ཚུགས་ཐུབ་པའི་བཀོད་སྒྲིག་གི་ཁོངས་སུ་གཏོགས་པའི་རི་མོ་དང་། རྒྱུད་རིམ་ལྡན་ཞིང་མངོན་བྲིས་ཀྱི་སྟངས་སྟབས་འགྱུར་ལྡོག་ལས་གྲུབ་པའི་རི་མོའི་གྲུབ་ཆའི་ཁོངས་སུ་གཏོགས་པའི་རིགས་ཀྱང་ཡོད། དེའི་ཐོག་ནས་སྐབས་དེའི་མིའི་བློ་གྲོས་དང་སྤྱང་གྲུང་། སྒྱུ་རྩལ་གྱི་སྙིང་བསྡུས་ནུས་པ་བཅས་མཚོན་ཐུབ་ཀྱི་ཡོད་པའོ། །
- language:
- Tibetan