- rdza bzo dbu chen dkon mchog shes rab
- ID:
- T241551
- རྫ་བཟོ་དབུ་ཆེན་དཀོན་མཆོག་ཤེས་རབ (Tibetan, Tibetan script, Original)
- > rdza bzo dbu chen dkon mchog shes rab (Tibetan, Latin script, Transliteration-THL Extended Wylie Transliteration)
- > dza zo u chen könchok sherab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྫ་བཟོ་དབུ་ཆེན་དཀོན་མཆོག་ཤེས་རབ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པའི་ཡས་མས་སུ་གྲགས་ཆེ་བ་ཞིག་ཡིན། ཁོང་རྫ་ཆས་ཀྱི་རིགས་བཟོ་བར་ཤིན་ཏུ་མཁས་པ་མ་ཟད། ལྷག་པར་གཡུ་རྩི་སྔོ་ལྗང་སེར་སྨུག་གཏོང་བའི་ལག་རྩལ་ཧ་ཅང་མཁས་པར་བརྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ནོར་བུ་གླིང་ཁར་གཡུ་རྩིའི་རྒྱ་ཕིབས་བཟོ་བར་ཡོང་དགོས་པའི་བཀའ་ལྟར་ནོར་བུ་གླིང་གའི་རྒྱལ་སྒོ་སོགས་ཀྱི་སྟེང་གཡུ་རྩིའི་རྒྱ་ཕིབས་བཟོ་རྒྱུའི་ལག་རྩལ་གཟེངས་སུ་ཐོན་པ་བྱུང་སྟབས་དབུ་ཆེན་གྱི་གོ་མིང་གནང་བས་རྗེས་སུ་རྫ་བཟོ་ཆེ་མོ་ཞེས་མིང་གྲགས། ཁོང་གི་སྐྱེ་ཡུལ་ནི་ད་ལྟའི་འཕན་པོ་ལྕང་ར་ཤང་ཁོངས་སྐྱིད་ལུང་གྲོང་ཚོ་ནས་ཡིན།
- language:
- Tibetan
2. Thupten Phuntsok Dictionary