- rdza bzo dbu chen bsod nams
- ID:
- T241552
- རྫ་བཟོ་དབུ་ཆེན་བསོད་ནམས (Tibetan, Tibetan script, Original)
- > rdza bzo dbu chen bsod nams (Tibetan, Latin script, Transliteration-THL Extended Wylie Transliteration)
- > dza zo u chen sönam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྟག་ཕུ་གྲོང་ཚོར་རྫ་བཟོའི་ལག་རྒྱུན་དར་རྒྱས་ཆེ་ཙམ་ཡོད་པར་བརྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ནོར་བུ་གླིང་གའི་ཕོ་བྲང་ཁག་གཅིག་དང་། གཞུང་སྒོའི་སྟེང་རྩི་སེར་པོ་བཏང་བའི་རྫ་ཁོའི་རྒྱ་ཕིབས་གསར་བཟོའི་ལག་རྩལ་པ་སྟག་ཕུ་སོགས་ནས་བསྐོང་འགུགས་གནང་བའི་ནང་སྟག་ཕུའི་རྫ་མཁན་བསོད་ནམས་ཀྱིས་ལག་རྩལ་གཟེངས་སུ་ཐོན་པ་བཏོན་པའི་བྱས་རྗེསག་སུ་དབུ་ཆེན་གྱི་གོ་མིང་ཐོབ་སྟབས་སྟག་ཕུའི་རྫ་བཟོ་ཆེ་མོ་ཞེས་གྲགས། རྒྱན་གཏན་གྱི་རྫ་ཁོའི་སྣོད་ཆས་ཙམ་མ་ཡིན་པར་རྫ་ཁོས་མཛེས་ཆས་སྣ་ཚགས་སོགས་བཟོས་ཤིང་ཁོང་གིས་བཟོས་པའི་རྒྱ་ཕིབས་དང་བྱ་རི་དྭགས་ཀྱི་གཟུགས་བརྙན་སོགས་འགའ་ཞིག་ད་ལྟའང་ནོར་བུ་གླིང་གར་མཐོང་རྒྱུ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
སྟག་ཕུ་གྲོང་ཚོར་ལྔ་བཟོའི་ལག་རྒྱུན་དར་རྒྱས་ཆེ་ཙམ་ཡོད་པར་བརྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ནོར་བུ་གླིང་གའི་ཕོ་བྲང་ཁག་གཅིག་དང་། གཞུང་སྒོའི་སྟེང་རྩི་སེར་པོ་བཏང་བའི་རྫ་ཁོའི་རྒྱ་ཕིབས་གསར་བཟོའི་ལག་རྩལ་པ་སྟག་ཕུ་སོགས་ནས་བསྐོང་འགུགས་གནང་བའི་ནང་སྟག་ཕུའི་རྫ་མཁན་བསོད་ནམས་ཀྱི་ལག་རྩལ་གཟེངས་སུ་ཐོན་པ་བཏོན་པའི་བྱས་རྗེས་སུ་དབུ་ཆེན་གྱི་གོ་མིང་ཐོབ་སྟབས་སྟག་ཕུའི་རྩལ་བཟོ་ཆེན་མོ་ཞེས་གྲགས། རྒྱུན་གཏན་གྱི་རྫ་ཁོའི་སྣོད་ཆས་ཙམ་མ་ཡིན་པར་རྫ་ཁོངས་མཛེས་ཆས་སྣ་ཚོགས་སོགས་བཟོས་ཤིང་ཁོང་གིས་བཟོས་པའི་རྒྱ་ཕིབས་དང་བྱ་རི་དྭགས་ཀྱི་གཟུགས་བརྙན་སོགས་འགའ་ཞིག་ད་ལྟའང་ནོར་བུ་གླིང་གར་མཐོང་རྒྱུ་ཡོད།
- language:
- Tibetan