Skip to main content Skip to search
wa gling hud rigs phyag khang
ID:
T241647
  • ཝ་གླིང་ཧུད་རིགས་ཕྱག་ཁང (Tibetan, Tibetan script, Original)
    • > wa gling hud rigs phyag khang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > wa ling hü rik chak khang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལྷ་སའི་ཝ་གླིང་ཧུད་རིགས་ཕྱག་ཁང་ནི་མིང་རྒྱལ་རབས་ཀྱི་དུས་མཇུག་ནས་ཆིང་རྒྱལ་རབས་ཀྱི (༡༦༢༨ནས༡༦༦༢) ལོ་བར་ལ་བཙུགས། ད་ཡོད་ཕྱག་ཁང་གི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་༢༦༠༠ཙམ་ཡོད། ཕྱག་ཁང་དེ་ནི་དེ་སྔ་རྒྱ་ནག་ནས་ཧུད་རིགས་ཁག་གཅིག་ལྷ་སར་ཚོང་ལ་ཡོང་ནས་རིམ་བཞིན་གཞིས་ཆགས་པར་བརྟེན་ལྷ་སའི་རགས་རྒྱབ་རྒྱུད་ལ་ཁྱིམ་གཞིས་བཙུགས་ནས་ས་ཆ་དེར་རྒྱ་སྐད་ལ་ཝ་པ་གླིང (河坝林) ཟེར། དེའི་སྐབས་ཧུད་རིགས་རྣམས་ཕྱག་འཚལ་བ་དང་ནང་མི་འདས་གྲོངས་ཀྱི་དུར་འཇུག་སོགས་བྱེད་སྒོ་སྤེལ་སའི་ཕྱག་ཁང་མེད་པར་ལྷ་སའི་ཀ་ཤི་སྨིར་ཕྱག་འཚལ་ཁང་ལ་འགྲོ་བ་དང་། དེ་རྗེས་མི་གྲངས་རིམ་བཞིན་འཕེལ་བར་བརྟེན་ཝ་གླིང་གནས་རང་དུ་ཕྱག་ཁང་ཆུང་ཆུང་ཞིག་བཙུགས། ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་སྐབས་རབ་བྱུང་བཅུ་གསུམ་པའི་ཤིང་སྟག(༡༧༩༤)ལོར་གོར་དམག་བོད་ནས་མཐར་སྐྲོད་བཏང་ནས་རྒྱའི་དཔོན་དམག་ཕྱིར་ལོག་སྐབས་ལྷ་སའི་བོང་བ་རིའི་ཀོན་ཏིས་ལྷ་ཁང་སོགས་གསར་རྒྱག་བྱས་པ་དང་ཆབས་གཅིག་གྲ་བཞིར་ཧུད་རིགས་ཀྱི་ཕྱག་ཁང་ཞིག་ཀྱང་གསར་དུ་བརྒྱབ། དེ་རྗེས་གོང་མ་ཅ་ཆིང་སྐབས(༡༩༩༦ནས༡༨༢༡)ལོ་བར་གྲྭ་བཞིར་སྡོད་པའི་རྒྱ་རིགས་དཔོན་དམག་རྣམས་ལྷ་སའི་ཝ་གླིང་ཕྱག་ཁང་ཁོངས་སུ་སྤྲད། དེ་རྗེས་ཝ་གླིང་རྒྱུད་དུ་ཡོད་པའི་བོད་རིགས་ཀྱི་སྡོད་ཁང་དང་གྲྭ་བཞིར་ཡོད་པའི་ཕྱག་ཁང་གི་ས་ཆ་ཕན་ཚུན་བརྗེས་ནས་ཕྱག་ཁང་དེ་རྒྱ་སྐྱེད་དང་ཉམས་གསོ་རིམ་པར་བྱས། རབ་བྱུང་བཅུ་དྲུག་པའི་ས་ཕག(༡༩༥༩)ལོར་ཟིང་འཁྲུག་སྐབས་ཕྱག་ཁང་མེར་བསྲེགས་ཐེབས་ཀྱང་ཟིང་འཁྲུག་རྗེས་སྲིད་གཞུང་ནས་རོགས་རམ་གྱིས་ཕྱག་ཁང་དང་ནང་གི་སྒྲིག་དངོས་ཆ་ཚང་གསར་བཟོ་བྱས། རིག་གནས་གསར་བརྗེའི་རྗེས་ལྷ་ཁང་ལ་ཉམས་གསོ་དང་ཐོར་གྱར་སོང་བའི་ཕྱག་ཁང་ནང་གི་སྒྲིག་དངོས་གསར་བཟོ་བྱས་ཏེ་ད་ཆ་ཧུད་རིགས་ཚོས་ཕྱག་འཚལ་སོགས་རྒྱུན་གཏན་ཆོས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་པ་དང་། ད་དུང་ལྷ་སར་ཡུལ་སྐོར་སྤྲོ་འཆམ་སོགས་ལ་ཡོང་མཁན་དབྱི་སི་ལན་གྱི་ཆོས་ལ་དད་པ་བྱེད་མཁན་ཕྱི་རྒྱལ་པ་ཡང་དེར་ཕྱག་འཚལ་སོགས་ཆོས་ཀྱི་བྱེད་སྒོ་སྤེལ་བར་ཡོང་གི་ཡོད།

language:
Tibetan

2. Thupten Phuntsok Dictionary

ལྷ་སའི་ཝ་གླིང་ཧུད་རིགས་ཕྱག་ཁང་ནི་མིང་རྒྱལ་རབས་ཀྱི་དུས་མཇུག་ནས་ཆིང་རྒྱལ་རབས་ཀྱི (༡༦༢༨ནས་༡༦༦༢) ལོ་བར་ལ་བཙུགས།

language:
Tibetan