- wa yis dud 'gro'i rgyal sa bzung ba'i gtam rgyud
- ID:
- T241657
- ཝ་ཡིས་དུད་འགྲོའི་རྒྱལ་ས་བཟུང་བའི་གཏམ་རྒྱུད (Tibetan, Tibetan script, Original)
- > wa yis dud 'gro'i rgyal sa bzung ba'i gtam rgyud (Tibetan, Latin script, Transliteration-THL Extended Wylie Transliteration)
- > wa yi düdrö gyalsa zungwé tam gyü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རིགས་རྒྱུད་བཟང་པོ་མེད་པའི་གདོལ་པ་དང་། སྨྱིག་མ་མཁན། ཡ་བཤན་ལ་སོགས་པ་རིགས་ངན་གྱིས་བྱས་པའི་སྨན་པ་དང་ཝས་སེང་གེའི་རྒྱལ་ས་བཟུང་བའི་གཏམ་རྒྱུད་གཉིས་དཔེ་སྦྱར་བ་ཞིག་སྟེ། སྐྱེམས་པ་ཚེ་དབང་གིས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་ཚིག་དོན་ཉི་མ་ལས། ཝ་ཡིས་དུད་འགྲོའི་རྒྱལ་ས་བཟུང་བའི་གཏམ་རྒྱུད་ནི། ཝ་ཞིག་གིས་འབྲོག་པ་སྐྱས་ཤུལ་གྱི་རམས་ཡོ་གཅིག་ཏུ་ལུས་བཅུག་པས་སྔོན་པོར་སོང་བ་དང་། ཟླ་བོ་རྣམས་ངོ་མཚར་སྐྱེས་ནས་ཁྱོད་སུ་ཡིན་དྲིས་པས། དེ་ན་རེ། ང་གཅན་གཟན་གྱི་རྒྱལ་པོ་གཡུ་ལོ་ཁ་ཟེར་བ་དེ་ཡིན་སྨྲས་པ་ལས། དུད་འགྲོ་ཐམས་ཅད་ཀྱིས་རྒྱལ་པོར་བསྐོས་པས། དེ་ནི་ལྷག་པར་ཝ་རང་ལ་སྡང་བ་ཞིག་བྱུང་བས། ཝ་རྣམས་ཀྱིས་འདི་ནི་སྤུ་མདོག་མ་གཏོགས་གཞན་ནི་ངེད་རང་རྣམས་དང་ཁྱད་མི་འདུག་པས་བརྟགས་པར་བྱའོ། །ཞེས་བགྲོས་ནས་ཐམས་ཅད་དེའི་མདུན་དུ་བརྒྱལ་བས་དེ་རང་དབང་མེད་པར་ཁྲི་ལས་བབས་ཏེ་རྒྱལ་བ་དང་། སེང་བསད་ཅེས་གྲགས་སོ། །དེ་ལྟར་ཀུན་གྱིས་སྤྱི་བོར་བཀུར་བར་མི་འགྱུར་རོ། །ཞེས་གསུངས་པ་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། ཝ་སྐྱེས་རྒྱལ་པོར་བསྐོས་པ་ཡིས། །འཁོར་སྡུག་རང་ཡང་བསད་ཅེས་གྲགས། ཞེས་སོ། །
- language:
- Tibetan