- wu sob dpal 'byor
- ID:
- T241672
- ཝུ་སོབ་དཔལ་འབྱོར (Tibetan, Tibetan script, Original)
- > wu sob dpal 'byor (Tibetan, Latin script, Transliteration-THL Extended Wylie Transliteration)
- > wu sob paljor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱལ་ཁབ་ཅིག་གམ་ས་ཁུལ་ཞིག་གིས་རྟོག་བཟོའི་མ་དངུལ་དེ་དོན་དངོས་དཔལ་འབྱོར་དང་ཆ་མ་མཐུན་པར་རྒྱས་དྲག་པའི་རྣམ་པ་ཤར་བའམ་ཡང་ན་རྟོག་བཟོའི་མ་རྩ་འཕར་ཐལ་ཤོར་བ་དང་འབྲེལ་ཡོད་ཉོ་འཚོང་མང་དུ་སོང་ནས་མ་རྩ་ངོ་མ་བ་དང་ལས་གཉེར་སྡེ་ཁག་འཚར་ལོངས་བྱུང་ཚད་དང་ཧེ་བག་ཆེན་པོ་ཤོར་ནས། དངུལ་རྩའི་དངུལ་འཛིན་དང་ས་ཁང་རིན་གོང་ལྡབ་འགྱུར་འཕར་བ་དང་གླགས་འཚོལ་ཉོ་ཚོང་འཁྲུག་ཆ་དོད་པའི་དཔལ་འབྱོར་གྱི་སྣང་ཚུལ་ཞིག་རེད། དེ་ཡང་མང་ཆེ་བ་དངུལ་རྩར་མགོ་བདེ་གླགས་འཚོལ་བྱས་པ་སོགས་པ་ལས་ཐོན་པ་ཡོད། སྐབས་དེར་དངུལ་རྩའི་ཉམས་ཉེན་བྱུང་ཉེན་ཆེ་ཞིང་། སྤྱི་ཚོགས་དང་དཔལ་འབྱོར་དར་རྒྱས་རྫུན་མ་བཟོས་ནས་མཐར་ཝུ་སོབ་ཡལ་ཏེ་སྤྱི་ཚོགས་ཡོ་ལང་བྱུང་བ་དང་ཐ་ན་དཔལ་འབྱོར་ཉམས་རྒུད་འགྲོ་ཡི་ཡོད།
- language:
- Tibetan