- zha rmyug ri mo
- ID:
- T241685
- ཞ་རྨྱུག་རི་མོ (Tibetan, Tibetan script, Original)
- > zha rmyug ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > shya nyuk rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱུན་དུ་མཐོང་རྒྱུ་ཡོད་པའི་རི་མོའི་རིགས་ཤིག་ཡིན། སྤྱིར་བཏང་ཐོག་ཞ་རྨྱུག་ནག་པོ་སྤྱོད་པ་དང་། སྐབས་འགར་ཞ་རྨྱུག་ཚོན་ཕྲ་ཅན་ཡང་སྤྱོད་སྲོལ་ཡོད། དེ་བཞིན་ཞ་རྨྱུག་གི་རི་མོའི་སྟེང་དུ་ཆུ་ཚོན་གྱིས་ཧང་ཚོན་གཏོང་སྲོལ་ཡོད་པས་དེར་ཧང་ཚོན་རི་མོ་ཟེར། ཞ་རྨྱུག་རི་མོ་ནི་གཙོ་བོ་བཅད་ཀྱིས་རྨང་གཞི་བྱེད་པ་དང་ནག་རིས་ཀྱི་བྱེད་ཐབས་འགའ་ཞིག་སྤྱོད་པ། དབྱིབས་གཟུགས་དང་བབ་ཆགས་ཀྱི་མདངས་རིམ་ལ་བརྟེན་ནས་དངོས་པོའི་བཟོ་དབྱིབས་མཚོན་པ་བྱེད་ཀྱི་ཡོད། རི་མོ་དེ་གྲས་ནི་བཟོ་བཅོས་བརྒྱབ་བདེ་ཞིང་ཡོ་ཆས་སྟབས་བདེ་བ། ཞིབ་ཚགས་ཤིང་གསོན་ཉམས་དོད་པའི་ཁྱད་ཆོས་ལྡན་སྟབས་བློ་གསར་པ་བ་ཚོས་རི་མོ་སློབ་སྦྱོང་བྱེད་པའི་རྨང་གཞི་གདིང་རྒྱུར་སྤྱོད་ཀྱི་ཡོད།
- language:
- Tibetan