- zha lu gser khang dgon
- ID:
- T241688
- ཞ་ལུ་གསེར་ཁང་དགོན (Tibetan, Tibetan script, Original)
- > zha lu gser khang dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > shya lu ser khang gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བོད་ལྗོངས་གཞིས་རྩེ་རྫོང་ཁོངས་རྒྱ་མཚོ་ཆུས་ཀྱི་ལྷོ་ངོས་སུ་ཆགས་ཡོད། དེ་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སློབ་མ་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་དུས་རབས་བཅུ་གཅིག་པའི་དུས་འགོར་བཞེངས་པ་ཞིག་ཡིན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་ཏེ་ལྷ་ཁང་ལ་རབ་གནས་མཛད། ཡོན་གོང་མའི་སྐབས་རྒྱའི་བཟོ་བོ་མངགས་ཏེ་གཙུག་ལག་ཁང་ཉམས་གསོ་རྒྱས་སྐྲུན་བྱས་པས་རྒྱ་ནག་གི་བཟོ་བཀོད་ཁྱད་ཆོས་ཡོད་པ་མཇལ་བ་ཙམ་གྱིས་ཤེས་ཐུབ། སྤྱི་ལོ་༡༣༢༠ལོར་བུ་སྟོན་རིན་ཆེན་གྲུབ་དགུང་ལོ་སོ་གཅིག་བཞེས་དུས་གནས་འདིར་བྱོན་ནས་ལོ་ངོ་སོ་བདུན་རིང་གདན་ས་འདིའི་མཁན་པོ་མཛད་དེ་རྒྱུད་སྡེ་བཞིའི་འཆད་རྒྱུན་བཙུགས་པས་དེ་ནས་བཟུང་ཞ་ལུ་བའི་གྲུབ་མཐའ་སྟེ། ད་ལྟ་བུ་ལུགས་སུ་གྲགས་པ་དེ་བྱུང་། དོན་ལ་ས་སྐྱའི་ཆོས་བརྒྱུད་ཞིག་ཡིན། རྟེན་གྱི་གཙོ་བོ་ཇོ་བོ་རྗེའི་སྐུ་བརྙན་རང་བྱོན་ཅན་སོགས་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་བཞུགས་ཡོད།
- language:
- Tibetan