- zhang ston bstan pa rgya mtsho
- ID:
- T241698
- ཞང་སྟོན་བསྟན་པ་རྒྱ་མཚོ (Tibetan, Tibetan script, Original)
- > zhang ston bstan pa rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyang tön tenpa gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མདོ་ཁམས་སྨད་ཀྱི་སའི་ཆར་གཏོགས་པ་རྩེ་གཞུང་དུ་གྲགས་པ་ཁེབ་ཐི་ཞེས་བྱ་བའི་ཡུལ་དུ་ཡབ་སྙིང་དཀར་འབུམ་དང་ཡུམ་ཨ་རིག་བཟའ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་བྱ (༡༨༢༥) ལོར་སྐུ་འཁྲུངས། མཚན་པདྨ་འབུམ་དུ་བཏགས། དགུང་ལོ་ལྔ་ཙམ་གྱི་སྟེང་ནས་ཡི་གེ་འབྲི་ཀློག་བསླབས་པས་ཚེགས་མེད་པར་མཁྱེན། དགུང་གྲངས་བདུན་པ་ལྕགས་ཡོས་ལོར་རྗེ་དཀོན་མཆོག་རྒྱ་མཚོའི་དྲུང་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མཚན་དཀོན་མཆོག་ཐབས་མཁས་ཞེས་གསོལ། དགུང་ལོ་བཅུ་གཅིག་པ་ཤིང་ལུག་ལོར་གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་དུ་ཕེབས་ཤིང་། དགུང་ལོ་བཅུ་གསུམ་ལ་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། དགུང་ལོ་རེ་བརྒྱད་པར་གདན་སར་ཕེབས་ནས་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་རྩལ་ལས། བཀའ་དྲིན་མཚུངས་མེད་ཞང་སྟོན་རྡོ་རྗེ་འཆང་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་གཟུར་གནས་མཁས་པའི་གཙུག་ནོར། བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་རང་རྒྱུད་གླང་སྨྱོན་འདུལ་བའི་ལྕགས་ཀྱུ། བླ་མའི་རྣལ་འབྱོར་བརྒྱུད་འདེབས། རྡོ་རྗེ་འཆང་ཞང་སྟོན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་ལས་ཆབ་ཤོག་གི་སྐོར། རྗེ་བཙུན་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་བསྡུས་པ། རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་སོགས་ཕྱག་རྩོམ་པོད་འབྲིང་བཞི་ཙམ་མཛད་པ་ཐམས་ཅད་བརྗོད་བྱ་ཟབ་ཅིང་གོ་བདེ་བ། རྗོད་བྱེད་སྙན་ཞིང་འཇེབས་པ། ཁ་གསལ་ཞིང་དོན་གྱི་གནད་འདུ་བ་ཞིག་ཡིན་པས། མདོ་སྔགས་ཀྱི་བསྟན་པ་མི་ནུབ་པའི་རྒྱལ་མཚན་སྲིད་རྩེ་བར་དུ་བསྒྲེངས་པའི་བཀའ་དྲིན་གྱིས་ཁྱབ་པར་གྱུར། དགུང་ལོ་དོན་གསུམ་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་མེ་བྱ་སྤྱི་ལོ (༡༨༩༧) ལོར་སྐུ་གཤེགས།
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ 1825 ལོར་མདོ་སྨད་རྩེ་གཞུང་དུ་ཡབ་སྙིང་དཀར་འབུམ་དང་། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ 1897 ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་པདྨ་འབུམ་འབོད། དགུང་ལོ་ལྔ་པར་ཡི་གེའི་འབྲི་ཀློག་[1450]སྦྱངས། དགུང་ལོ་བདུན་པར་རྗེ་དཀོན་མཆོག་རྒྱ་མཚོ་ལས་རབ་ཏུ་བྱུང་སྟེ་མཚན་ལ་དཀོན་མཆོག་ཐབས་མཁས་ཞེས་གསོལ། དགུང་ལོ་བཅུ་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། དགུང་ལོ་བཅོ་ལྔ་པར་བསྡུས་གྲྭའི་ཚོགས་རྒྱུགས་ཕུལ། བློ་རིགས་དང་། རྟགས་རིགས། གྲུབ་མཐའ། དོན་བདུན་ཅུ་སོགས་ཐུགས་འཛིན་མཛད། དགུང་ལོ་ཉེར་གཅིག་པར་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ཏེ་མཚན་ལ་བསྟན་པ་རྒྱ་མཚོ་ཞེས་གསོལ། དེ་ནས་བཟུང་འདུལ་བ་ལུང་སྡེ་བཞི་ལ་གསན་སྦྱོང་མཛད་དེ་བསྟན་པའི་མཛེས་རྒྱན་དུ་གྱུར། ལོ་དེའི་དགུན་ཆོས་ལ་ཚོགས་བསགས་རབ་འབྱམས་པའི་མཚན་བཏགས་གནང་། དགུང་ལོ་སུམ་ཅུ་པར་ཐུའུ་བཀྭན་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་དུ་པེ་ཅིན་ལ་ཕེབས། དེ་ནས་ཡར་ཕེབས་ཏེ། དགུང་ལོ་སོ་གསུམ་པར་དགོན་ལུང་དུ་བྱོན་ནས་ལོ་གཉིས་རིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། དགུང་ལོ་ཞེ་གསུམ་པ་ནས་ལོ་བདུན་ཙམ་རིང་གོང་ས་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེར་མཚན་ཉིད་གསན་སྦྱོང་གི་ཞབས་འདེབས་ཞུས། དེ་ནས་སྔོན་རྗེས་སུ་དགོན་ལུང་ལ་ཐེངས་གསུམ་དུ་ཕེབས་ནས་ཐུའུ་ཧོ་ཐོག་ཐུ་བློ་བཟང་བཤད་སྒྲུབ་དབང་ཕྱུག་དང་། ཝང་སྤྲུལ་སྐུ་བློ་བཟང་དར་རྒྱས་རྒྱ་མཚོ། སུམ་པ་མཁན་ཆེན་སོགས་བླ་སྤྲུལ་མང་པོའི་གཙོས་ཚོགས་ཡོངས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་བསྩལ། དགུང་ལོ་རེ་བརྒྱད་པར་གདན་སར་ཕེབས་ནས་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་རྩལ་གྱིས་མདོ་སྔགས་[1451]བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་བའི་འཆད་ཉན་མཛད། ཁོང་གི་གསུང་རྩོམ་ནི་རྟོགས་བརྗོད་དང་། ལམ་རིམ་གྱི་བཤད་ལུང་། ས་ལམ་རྣམ་གཞག སྒྲུབ་ཐབས། ཁྲིད་ཡིག བླ་མའི་རྣལ་འབྱོར། བསླབ་བྱ་བཅས་ཆོས་ཚན་བདུན་ཅུ་དོན་དགུ་ཡོད་པ་པོ་ཏི་བཞིར་བསྡུས་ནས་བཞུགས་སོ། །
- language:
- Tibetan