- zhang sna nam rdo rje dbang phyug
- ID:
- T241700
- ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག (Tibetan, Tibetan script, Original)
- > zhang sna nam rdo rje dbang phyug (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyang na nam dorjé wangchuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཀླུ་མེས་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ། རྗེ་འདི་ཉིད་ཡབ་སྣ་ནམ་ཇོ་སྲས་དང་ཡུམ་ཞང་ལྕམ་སྒྲོལ་མའི་སྲས་སུ་བོད་མེ་བྱི (༩༧༦) ལོར་ཉམས་དགའ་བར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ལོར་ར་བ་ཟླུམ་པོར་ཀླུ་མེས་ལས་རབ་ཏུ་བྱུང་། དེ་རྗེས་ཡབ་ཀྱིས་ར་ཚག་བརྩིགས། དགུང་ལོ་སོ་བདུན་ལོར་རྒྱལ་ལྷ་ཁང (འཕན་པོར་ཡོད) བཞེངས། དེ་ནས་རྒྱ་གར་དུ་འདུལ་བའི་བཤད་པ་འཚོལ་དུ་བྱོན་པས་རྡོ་རྗེ་གདན་པ་དང་། མཇལ་ནས་འདུལ་བ་གསན་ཅིང་གཞན་ལ་ཡང་འདུལ་བ་གསུངས། དེ་ནས་ཞང་གིས་འབྲོམ་སྟོན་པ་ལ་དགེ་བསྙེན་གྱི་སྡོམ་པ་གནང་ནས་མཚན་རྒྱལ་བའི་འབྱུང་གནས་སུ་གསོལ། ཞང་གིས་ཇོ་བོ་རྗེ་དབུས་གཙང་དུ་གདན་འདྲེན་པར་མངའ་རིས་མང་ཡུལ་བར་དུ་བྱོན། ཇོ་བོ་རྗེའི་དངོས་སློབ་གྲགས་ཆེ་བའི་གྲས་སུ་གྱུར། མཐར་དགུང་ལོ་གྱ་ལྔ་པ་ལྕགས་བྱི (༡༠༦༠) ལོར་སྐུ་གཤེགས།
- language:
- Tibetan