- zhang zhung bza' li thig sman
- ID:
- T241708
- ཞང་ཞུང་བཟའ་ལི་ཐིག་སྨན (Tibetan, Tibetan script, Original)
- > zhang zhung bza' li thig sman (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyangshyung za li tik men (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(ཞང་ཞུང་བཟའ་ཁྲི་བཙུན་ཡང་ཞུ) སྲོང་བཙན་གྱི་རིགས་མཐུན་བཙུན་མོ་གསུམ་གྱི་ཡ་གྱལ། མོང་བཟའ་ཁྲི་བཙུན་དང་། ཞང་ཞུང་བཟའ་ཁྲི་བཙུན། མི་ཉག་རུ་ཡོང་བཟའ་བཅས་ལ་ཇོ་མོ་བོད་མོ་ཞེས་བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་དམིགས་སུ་བཀར་ནས་གསུངས་པ་ལྟར་དེ་དག་བོད་མིའི་རིགས་ཅན་དུ་གྱུར་པའི་དབང་གིས་ཡིན། འདི་ཉིད་ཞང་ཞུང་གི་རྒྱལ་པོ་ལི་མིག་རྐྱའི་སྲས་མོ་ཡིན་ཞིང་། ཕྱག་རྗེས་སུ་ཐིམ་བུ་ལྐོག་གི་ལྷ་ཁང་བཞེངས་ཞེས་གྲགས། འོན་ཀྱང་ལྷ་ཁང་འདིའི་ཆགས་ཡུལ་ས་ཆ་འདི་ཡིན་ཞེས་ད་ལྟ་ངེས་བཟུང་དཀའ་བའི་གནས་སུ་གྱུར། བོན་གྱི་ལོ་རྒྱུས་འགར་དེ་ནི་གཡུང་དྲུང་བོན་གྱི་ལྷ་ཁང་ཡིན་ཞེས་འཁོད་འདུག
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་མོ་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་སྲོང་བཙན་སྒམ་པའི་བཙུན་མོ་ཆུང་བ་ཡིན། རྒྱལ་པོའི་རིགས་སྲས་ནི་མ་འཁྲུངས། ཐིམ་བུ་ལྐོག་གི་ལྷ་ཁང་བཞེངས་སོ། །
- language:
- Tibetan