Skip to main content Skip to search
zhabs brtan dgon
ID:
T241719
  • ཞབས་བརྟན་དགོན (Tibetan, Tibetan script, Original)
    • > zhabs brtan dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shyabten gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མིང་གཞན་ཞབས་དགོན་འགྲོ་འདྲེན་སྐྱིད་གླིང་ཟེར། དགོན་པ་འདི་ཐོག་མར་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་སྤྱི་ལོ༡༧༤༤ལོར་འགོ་བཙུགས་ཏེ་ལོ་ལྟར་འཆར་ཅན་གྱི་ཞབས་བརྟན་རིམ་གྲོ་སྒྲུབ་ཡུལ་ཆོས་སྒར་ཞིག་བཏབ། སྐབས་དེའི་ཆ་རྐྱེན་ལ་གཞིར་བཟུང་ནས་ཚོགས་ཁུར་དང་། ཐབ་ཚང་སྦྲ། གྲྭ་བཙུན་རྣམས་ཀྱི་སྡོད་གུར་སོགས་གྲ་སྒྲིག་བྱས་ནས་སྦྲ་དགོན་ཞིག་ཆགས། རབ་བྱུང་བཅུ་པའི་ཤིང་ཕག་སྤྱི་ལོ་༡༨༡༥ལོར་སྒྲུབ་ཁང་སྐུ་ཕྲེང་བཞི་པ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱིས་དགོན་པའི་འདུ་ཁང་གསར་དུ་བཞེངས། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ནག་ཆུ་རྫོང་ཁོངས་སུ་ཡོད།

language:
Tibetan