Skip to main content Skip to search
zhi sbyong
ID:
T241787
  • ཞི་སྦྱོང (Tibetan, Tibetan script, Original)
    • > zhi sbyong (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shyi jong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྨན་ཁོང་དུ་བཏང་བའི་ཚེ་ཉེས་པ་རང་གནས་སུ་ཞི་བར་བྱེད་པ་ལ་ཞི་བྱེད་ཅེས་དང་། གཞན་གནས་སུ་འཁྲུགས་པ་ཕྱིར་འབྱིན་ཅིང་སྦྱོང་བར་བྱེད་པ་ལ་སྦྱོང་བྱེད་ཅེས་ཟེར་བས་འདིར་སྒྲ་བསྡུས་པ་སྟེ། སྐྱེམས་པ་ཚེ་དབང་གིས་མཛད་པའི་ཕྱི་མ་རྒྱུད་ཀྱི་འགྲེལ་པ་ལག་ལེན་གསལ་བྱེད་ལས། དེ་ཡང་སྨན་ལ་ཉེས་པ་རང་གནས་སུ་ཆ་སྙོམས་པར་བྱེད་པ་ཞི་བྱེད་དང་། གཞན་གནས་སུ་འཁྲུགས་པ་ཕྱིར་འབྱིན་ཅིང་ཁམས་སྙོམས་པར་སྦྱོང་བྱེད་དང་གཉིས། ཞེས་གསུངས་པ་ལྟར་རོ། །

language:
Tibetan