Skip to main content Skip to search
zhig po rin chen shes rab
ID:
T241796
  • ཞིག་པོ་རིན་ཆེན་ཤེས་རབ (Tibetan, Tibetan script, Original)
    • > zhig po rin chen shes rab (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shyikpo rinchen sherab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རོག་ཤེས་རབ་འོད་ཀྱི་གཅུང་པོ་འདི་ཉིད་ཡབ་བཀྲ་ཤིས་གྲགས་པ་དང་ཡུམ་ཆོས་ཀྱི་དགེ་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ལྕགས་ཡོས (༡༡༧༡) ལོར་སྐུ་འཁྲུངས། ལོ་གསུམ་ལོན་ཙམ་ནས་འཁོར་བའི་སྡུག་བསྔལ་དྲན། ལོ་ལྔ་དྲུག་ལ་ཡུམ་གྱིས་ཀློག་ཡོན་གསོལ་བས་ཀློག་ལེགས་པར་མཁྱེན། དགུང་ལོ་བདུན་པ་ནས་གསང་སྤྱོད་མཛད་དེ་ལྐུགས་རྫུ་བཞེས། བཅུ་དྲུག་པ་ལ་ཡབ་གཤེགས་པས་གསང་སྤྱོད་གྲོལ་ཏེ་གྲོང་ཆོག་མང་དུ་གནང་ཞིང་ཡུམ་གྱི་ཞབས་ཏོག་མཛད། བཅོ་བརྒྱད་ལོན་པའི་ཚེ་ཕུག་པ་གཅིག་ཏུ་སྒྲུབ་པ་ལ་གཅིག་པུར་བཞུགས་པ་ན། མཐར་དགུང་ལོ་བདུན་ཅུ་དོན་ལྔ་ལ་ཕེབས་པ་རབ་བྱུང་བཞི་པའི་ཤིང་སྦྲུལ (༡༢༤༥) ལོའི་དགུན་ཟླ་ར་བའི་ཚེས་ཉེར་གཉིས་ཉིན་བསྙུན་གྱི་གནོད་པ་མེད་པ་ལྟར་སྐུ་བསྲང་སྟེ་ཞི་བར་གཤེགས་སོ། །

language:
Tibetan