- zhing skyong mkha' 'gro brgyad
- ID:
- T241799
- ཞིང་སྐྱོང་མཁའ་འགྲོ་བརྒྱད (Tibetan, Tibetan script, Original)
- > zhing skyong mkha' 'gro brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyingkyong khandro gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཞལ་ཡས་ཁང་གི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་ན་སྐྱེས་པའི་ཤིང་བརྒྱད་ལ་སྐུ་རྒྱབ་བཏད་ནས་བཞུགས་པའི་ཞིང་སྐྱོང་གི་མཁའ་འགྲོ་བརྒྱད་ནི། ༡ ཤར་དུ་གནས་འཕྲོ་དཀར་པོ་གླང་གདོང་ཅན། ༢ ལྷོར་ནག་པོ་མ་ཧེའི་གདོང་ཅན། ༣ ནུབ་དུ་དྲེག་བྱེད་དམར་པོ་ཆུ་སྲིན་གྱི་གདོང་ཅན། ༤ བྱང་དུ་དྲག་པོ་ལྗང་ཁུ་རྟའི་གདོང་ཅན། ༥ ཤར་ལྷོར་ནག་པོ་རྩིབ་མདོག་ར་སྐྱེས་ཀྱི་གདོང་ཅན། ༦ ལྷོ་ནུབ་ཏུ་མི་སྡུག་པ་སྔོན་པོ་མིའི་གདོང་ཅན། ༧ ནུབ་བྱང་དུ་ལྟོ་འཕྱངས་ལྗང་ཁུ་ཤ་བའི་གདོང་ཅན། ༨ བྱང་ཤར་དུ་ལོག་འདྲེན་དུད་ཁ་ཅེ་སྤྱང་གི་གདོང་ཅན་རྣམས་གྲི་ཐོད་འཛིན་ཞིང་རུས་པས་བརྒྱན་པ། སྐེད་པ་མན་ཆད་ཤིང་ལོའི་ནང་དུ་ནུབ་པའོ། །
- language:
- Tibetan