Skip to main content Skip to search
zhing khams rab 'byams rgya mtsho
ID:
T241801
  • ཞིང་ཁམས་རབ་འབྱམས་རྒྱ་མཚོ (Tibetan, Tibetan script, Original)
    • > zhing khams rab 'byams rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shyingkham rabjam gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་ལ་བཤད་སྲོལ་མི་འདྲ་བ་སྣ་ཚོགས་འདུག་ཀྱང་རིང་ལུགས་ཐུན་མོང་མ་ཡིན་པ་ནི། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་སམ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི (གསུང་འབུམ་ཕ་བའི་ནང) གྲུབ་མཐའི་རྣམ་གཞག་ཀུན་བཟང་ཞིང་གི་ཉི་མ》ཡོངས་གྲགས་སུགྲུབ་མཐའ་ཆེན་མོ》ཞེས་འབོད་པ་ལེ་ཚན་བཞི་པའི་ཤོག་གྲངས༤༣ལས་གླིང་བཞི་རི་ཡི་རྒྱལ་པོ་རི་རབ་དང་ཉི་ཟླ་ནང་ཚངས་པའི་འཇིག་རྟེན་མན་ཆད་བྱེ་བ་ཕྲག་བརྒྱ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་གོ། སྟོང་གསུམ་ཆེན་པོ་དེ་བྱེ་བ་ཕྲག་བརྒྱ་ལ་གཞི་སྙིང་མེ་ཏོག་གིས་བརྒྱན་པའི་རབ་འབྱམས་རྒྱ་མཚོའི་མཚམས་སྦྱོར་གཅིག་གོ། གཞི་སྙིང་མེ་ཏོག་གིས་བརྒྱན་པའི་རབ་འབྱམས་རྒྱ་མཚོ་བྱེ་བ་ཕྲག་བརྒྱ་ལ་གཞི་སྙིང་མེ་ཏོག་གིས་བརྒྱན་པ་རབ་འབྱམས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་གཅིག་གོ་ཞེས་སོགས་གསུངས་པ་ལྟར་རོ། །

language:
Tibetan