Skip to main content Skip to search
zhing shag pa tshe brtan rdo rje/
ID:
T241814
  • ཞིང་ཤག་པ་ཚེ་བརྟན་རྡོ་རྗེ (Tibetan, Tibetan script, Original)
    • > ཞིང་ཤག་ཚེ་བརྟན་རྡོ་རྗེ (Tibetan, Tibetan script, Alt Spelling-Contraction)
      • > zhing shag tshe brtan rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
      • > zhingshak tseten dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
    • > zhing shakpa tseten dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
    • > zhing shag pa tshe brtan rdo rje/ (Tibetan, Latin script, Transliteration-THL Extended Wylie Transliteration)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ཐོག་མར་རིན་སྤུངས་སྡེ་སྲིད་ངག་དབང་རྣམ་རྒྱལ་གྱི་སྐབས་སུ་ཆིབས་དཔོན་གྱི་ལས་ཀ་དང་། དེ་ནས་རིམ་པས་ལས་ཚན་དུ་སླེབས་ནས་ཁྲལ་སྡུད་པ་ལོ་མང་མཛད། རབ་བྱུང་དགུ་པའི་ས་སྤྲེལ (༡༥༤༨) ལོར་རིན་སྤུངས་པས་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དཔོན་དུ་བསྐོས། སྡེ་སྲིད་ངག་དབང་འཇིགས་གྲགས་ཀྱི་དུས་སུ་སྲས་པདྨ་དཀར་པོ་ཞིང་ཤག་པས་བཀྲོངས་ཏེ་འབངས་གྱེན་ལོག་བྱས་ནས་རིན་སྤུངས་པའི་ལུང་གི་འོག་ཏུ་མ་འདུས། མེ་སྦྲུལ (༡༥༥༧) ལོར་རིན་སྤུངས་པ་དང་། ཞིང་ཤག་པ་གཉིས་དབར་དྲག་པོའི་དཔུང་གི་སྦྱོར་བ་བརྩམས། ཤིང་གླང་ (༡༥༦༥) ལོར་ཞིང་ཤག་པས་དམག་དཔོན་བྱས་ཏེ་པ་སྣམ་ལྷུན་གྲུབ་ཁྱུང་རྩེ་དང་། རྫོང་གསར་ཕག་རི་བླངས་ཏེ་རྒྱལ་ཁ་ཐོབ། ཞིང་ཤག་པས་དམག་དཔོན་བྱས་ཏེ་པ་སྣམ་གྲུབ་ཁྱུང་རྩེ་དང་། རྫོང་གསར་ཕག་རི་བླངས་ཏེ་རྒྱལ་ཁ་ཐོབ། ཞིང་ཤག་པས་བྱང་བདག་བཀྲ་ཤིས་སྟོབས་རྒྱས་ལ་འཚེ་བར་བྱས་པ་ཐུགས་ལ་ཕོག་ཆེ་བས་བཀྲ་ཤིས་སྟོབས་རྒྱས་ཀྱིས་མངོན་སྤྱོད་ཀྱི་ལས་སྦྱོར་མཛད་པས་ཞིང་ཤག་ཚེ་བརྟན་རྡོ་རྗེ་ནད་ཀྱིས་གྲོངས། འཁྲུངས་འདས་ཀྱི་ལོ་ཚིགས་དང་མཛད་རྣམ་ཞིབ་པ་མ་རྙེད།

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་མགོ་ཙམ་དུ་གཙང་ཕྱོགས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་སུ་འཚོ་རྟེན་ཞིང་ལིང་གཅིག་དང་འདུག་གནས་ཤག་གཅིག་མ་གཏོགས་མེད་པས་ཞིང་ཤག་པ་ཞེས་གྲགས་ཤིང་། དེ་ནས་སྐུ་ན་སོན་རྗེས་རིན་སྤུངས་པ་ངག་དབང་རྣམ་རྒྱལ་གྱི་སྐབས་སུ་ཆིབས་དཔོན་གྱི་ལས་ཀ་དང་། རིམ་པས་ལས་ཚན་དུ་སླེབས་ཏེ། ཤངས་དང་མྱང་སྨད་ཁུལ་གྱི་ཡོང་སྡུད་པ་ལོ་མང་བྱས། རབ་བྱུང་དགུ་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1548 ལོར་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དཔོན་གྱི་ལས་ཀ་བྱུང་། དེ་རྗེས་རིན་སྤུངས་པ་པདྨ་དཀར་པོ་བཀྲོངས་ཤིང་འབངས་གྱེན་ལོག་བྱས། རབ་བྱུང་དགུ་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1557 ལོར་འབྲུག་པ་པདྨ་དཀར་པོས་ཤངས་དོན་རབ་པ་སྐུ་མདུན་ཞིང་ལ་རྩིས་འབུལ་ཞུས། དེ་ནས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེར་སྐུ་མདུན་[1480]ཞིང་ཞེས་འབོད་སྲོལ་ཆགས། རབ་བྱུང་དགུ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ 1565 ལོར་པ་རྣམ་ལྷུན་གྲུབ་ཁྱུང་རྩེ་དང་རྫོང་གསར་ཕག་མོ་རི་རྣམས་བླངས་ཏེ་རིན་སྤུངས་པའི་སྲིད་དབང་མཇུག་བསྒྲིལ་ནས་གཙང་སྟོད་སྡེ་པའི་སྲིད་དབང་བཙུགས། བྱང་བདག་པ་ནམ་མཁའ་རིན་ཆེན་གྱི་སྲས་བཀྲ་ཤིས་སྟོབས་རྒྱལ་དབུས་སུ་རྒྱང་ཕུད་བཏང་བར་བརྟེན་སྔགས་ཀྱི་ལས་སྦྱོར་བསྒྲུབས་ནས་བཀྲོངས་སོ། “ཞིང་ཞེས་བྱ་བའི་ཞིང་བཅུ་ཚང་བ་ཁྱོད། ཁོ་བོས་ར་ཧུ་ལ་ཡི་ཞལ་དུ་བཏབ།” ཅེས་གསུངས་སོ། །

language:
Tibetan