Skip to main content Skip to search
zhib bris mdun shog ri mo
ID:
T241837
  • ཞིབ་བྲིས་མདུན་ཤོག་རི་མོ (Tibetan, Tibetan script, Original)
    • > zhib bris mdun shog ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shyib dri dün shok rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བར་འཇུག་རི་མོའི་མིང་གཞན་ཞིག་ཡིན། རྒྱ་ནག་གི་མིང་ཆིང་རྒྱལ་རབས་ནས་བཟུང་སྤྱིར་བཏང་ཐོག་གོ་བདེའི་སྒྲུང་གཏམ་གྱི་ཁ་ཤོག་ནང་མའི་མདུན་ངོས་སུ་རྒྱུན་དུ་དེབ་ནང་འཁོད་པའི་མི་སྣའི་རི་མོ་བྲིས་ཡོད་པས་དེར་ཞིབ་བྲིས་མདུན་ཤོག་རི་མོ་ཞེས་ཟེར། དེ་ནི་བྲིས་ཆ་གྲལ་སྒྲིག་ལ་ཞིབ་ཚགས་པའི་ཁྱད་ཆོས་ལ་བརྟེན་ནས་མིང་དེ་ཐོགས་པ་ཡིན། དེ་མིན་སྒྲུང་གཏམ་སོ་སོའི་ནང་དོན་ལ་གཞི་བྱས་ནས་རི་མོ་ཁ་ཤས་བཀོད་པ་དེར་ཚང་འཛོམས་རི་མོ་ཞེས་ཟེར། ཞིབ་བྲིས་མདུན་ཤོག་རི་མོ་དང་ཚང་འཛོམས་རི་མོ་གང་ཡིན་རུང་ཚང་མ་དེབ་ནང་གི་བར་འཇུག་རི་མོ་ཡིན།

language:
Tibetan