Skip to main content Skip to search
zhim thig pa
ID:
T241847
  • ཞིམ་ཐིག་པ (Tibetan, Tibetan script, Original)
    • > zhim thig pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shyim tikpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་ལ་རིགས་འདྲ་མིན་དང་ངོས་འཛིན་ལུགས་མང་ཡང་། འདིར་དྲུག་ལས། དང་པོ་འདི་དཀར་པོ། ལོ་མང་སྐྱེ་བའི་སྔོ་རིགས་ཡིན། རྩ་བ་རྐང་གཅིག་ཕྲ་ལ་རིང་བ། རྒྱུས་ཕྲན་དང་ཡན་ལག་མང་བ་ལས། སྡོང་པོ་གྲུ་བཞི་ཕྲ་རིང་ལྡེམ་པ། སྤུ་ཆུང་རྩུབ་མོས་ཁྱབ་པ། མཐོ་ཚད་སྨི་0.2~0.6ཙམ་ཟིན་པ། ཚིགས་མཚམས་རེ་ནས་ལོ་མ་ལྗང་རྩུབ་ཉ་ག་ཅན་སྦར་དབྱིབས་སྒོར་མོ་གཉིས་གཉིས་ཁ་སྤྲོད་དུ་སྐྱེ་བ་དང་། མེ་ཏོག་དཀར་པོ་མཆུ་དབྱིབས་མ་གོས་སྨུག་རྩུབ་ལ་དྲིལ་ཆུང་འདྲ་བ་ཅན་དྲུག་གམ་བཅུ་རེ་ཙམ་གྱིས་བསྐོར་ནས་འཆར་བ། མེ་ཏོག་ཡལ་རྗེས་གོས་ཀྱི་སྦུབ་ནས་འབྲས་བུ་ཁམ་ནག་སྲ་མཁྲེགས་ཏིལ་འབྲུ་འདྲ་བ་བཞི་རེ་འདོགས་པ། །

language:
Tibetan