Skip to main content Skip to search
zhim thig smug po'am ma ma 'jib 'jib
ID:
T241849
  • ཞིམ་ཐིག་སྨུག་པོའམ་མ་མ་འཇིབ་འཇིབ (Tibetan, Tibetan script, Original)
    • > zhim thig smug po'am ma ma 'jib 'jib (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shyim tik mukpo am mama jib jib (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྡོང་པོ་ཁོང་སྟོང་གྲུ་བཞི་སྨུག་མ་པ་སྤུ་འཇམ་ཅན། མཐོ་ཚད་སྨི་0.3~0.7ཙམ་ཟིན་པ། ལོ་མ་ལྗང་རྩུབ་འཇོང་དབྱིབས་རྩེ་མོ་རྣོ་བ། ལོ་རྐང་སྨུག་པོ་ཅན་མང་ཆེ་བ་རྩ་བ་ནས་གྱེས་པ། ངར་པའི་སྟོང་ཆའི་ཚིགས་མཚམས་རེ་ནས་མཆུ་དབྱིབས་ཀྱི་མེ་ཏོག་གོས་སྨུག་པོ་ཅན་བཞི་ལྔ་ཙམ་འཁོར་ནས་འཆར་བ། སྨན་དུ་སྦྱར་བྱ་ནི་ལོ་སྡོང་མེ་འབྲས་ཡོངས་རྫོགས་ཡིན་པས་ཟླ་བ་7~8པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་མངར་ཁ། ཞུ་རྗེས་བསིལ། ནུས་པས་མིག་གི་ནད་རིགས་སེལ་ཞིང་སྲིན་ལ་ཕན།

language:
Tibetan