- zhu rjes gsum
- ID:
- T241854
- ཞུ་རྗེས་གསུམ (Tibetan, Tibetan script, Original)
- > zhu rjes gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyu jé sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རོ་དྲུག་ཏུ་གཏོགས་པའི་རྫས་གང་བསྟེན་པ་རྣམས་ཕོ་བའི་མེ་དྲོད་གསུམ་གྱིས་མྱག་བཞུག་བྱས་ཚར་བའི་རྗེས་སུ་སྔར་གྱི་རོའི་ངོ་བོ་དེ་འགྱུར་བ་ལས་བྱུང་བའི་མངར་བ་དང་། སྐྱུར་བ། ཁ་བ་གསུམ་གྱི་མིང་སྟེ། བཤད་པ་སྐུའི་རྒྱུད་ལས། ཞུ་རྗེས་ཕོ་བའི་མེ་དང་འཕྲད་པའི་ཚེ། བད་མཁྲིས་རླུང་གི་རིམ་པར་ཞུ་བ་ལས། མངར་དང་ལན་ཚའི་ཞུ་རྗེས་མངར་བ་དང་། སྐྱུར་བ་རོ་མཚུངས་ཁ་ཚ་བསྐ་གསུམ་ཁ། ཞེས་དང་། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻ་ཌཱུརྱའི་མེ་ལོང་ལས། ཞུ་རྗེས་མངར་དང་ལན་ཚའི་ཞུ་རྗེས་མངར། སྐྱུར་བ་རོ་མཚུངས་ཁ་ཚ་བསྐ་གསུམ་པོ། ཕལ་ཆེར་ཁ་བ་དག་ཏུ་ཞུ་བར་བཤད། ཅེས་གསུངས་པ་ལྟར་རོ། །
- language:
- Tibetan