- zhun nan
- ID:
- T241897
- ཞུན་ནན (Tibetan, Tibetan script, Original)
- > zhun nan (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyün nen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྨའི་སྟེང་དུ་སྨན་བྱུག་ཚུལ་གྱི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་བ་བཻ་སྔོན་ལས། ཞུན་ཞེས་སྨན་རྣམས་ཞིབ་བཏགས་ཚོས་པར་བཙོས་པ་བསྐ་སླ་ཟན་ཙམ་འདག་པ་ལྟར་བྱུགས་ལ་ཧེལ་སྲབ་སོགས་ཀྱི་སྟེང་དཀྲིས་མས་དཀྲི་བྱ་བ་དང་། ནན་ནི་སྨན་རྣམས་ཞིབ་བཏགས་བྱས་པའི་བསྐ་སླ་ལུག་ཞོ་ཙམ་རྩེ་འཇམ་བསྲོས་པ་བྱུགས་སྟེང་ཤོག་དེབ་བམ་སྤུ་དེབ་བཏང་བ་ཤིས་པ་ཡིན་པས་འོག་ཏུ་འཆད་པ་རྣམས་ཀྱི་ཞུན་ནན་སྦྱོར་ལུགས་ཀྱང་འདི་ལྟར་རོ། །
- language:
- Tibetan