- zhe chen rgyal tshab 'gyur med pad+ma rnam rgyal
- ID:
- T241906
- ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ (Tibetan, Tibetan script, Original)
- > zhe chen rgyal tshab 'gyur med pad+ma rnam rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyé chen gyaltsab gyurmé pema namgyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྗེ་འདི་ནི་ཡབ་ཨ་གྲོའི་རུས་སུ་གཏོགས་པ་ཤེས་རབ་དང་ཡུམ་ནམ་མཁའ་སྒྲོལ་མའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་ལུག (༡༨༧༡) ལོའི་བོད་ཟླ༡༢ཚེས༡༩ཉིན་ལྷ་ཐོག་དང་སྡེ་དགེའི་ཆར་གཏོགས་མཚོ་ལུང་ཞེས་པའི་གནས་སུ་འཁྲུངས། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཨོ་རྒྱན་རབ་བྱུང་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་མཛད། མཚན་འགྱུར་མེད་པད་མ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་སྡེ་ཞེས་གསོལ། ཞེ་ཆེན་དགོན་པ་བསྟན་གཉིས་དར་རྒྱས་གླིང་གི་རྒྱལ་ཚབ་བཞི་པར་མངའ་གསོལ། རྗེ་ཉིད་ཀྱི་ཁུ་བོ་སྐྱིད་གཡང་དྲུང་ནས་ཡི་གེ་འབྲི་ཀློག་དང་། སྙན་གཞུང་མེ་ལོང་མ། སྒྲ་རིག་ཀ་ཙན་དབྱངས་གསུམ། སྡེབ་སྦྱོར་རིན་འབྱུང་། རྩིས་དཀར་ནག་གི་གཞུང་སོགས་ལ་གསན་སྦྱོང་མཛད། བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་སོགས་ཕྱག་རྩམ་གནང་བ་གླེགས་བམ་བཅུ་གསུམ་ཙམ་བཞུགས། དེ་ལྟར་རྗེ་འདི་ཉིད་ཀྱིས་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་ལྷུར་བཞེས་ཏེ་དགུང་གྲངས་ལྔ་བཅུ་རྩ་དྲུག་བཞེས་པ་རབ་བྱུང་བཅོ་ལྔ་པའི་མེ་སྟག (༡༩༢༦) ལོའི་བོད་ཟླ༥ཚེས༡༨ཉིན་སྐུ་གཤེགས།
- language:
- Tibetan