- zho bkra
- ID:
- T241921
- ཞོ་བཀྲ (Tibetan, Tibetan script, Original)
- > zho bkra (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyo tra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མའི་ནུ་ཞོ་ལ་བལྟས་ནས་བྱིས་པའི་ཞོ་རས་ཀྱི་ནད་ངོས་འཛིན་བྱེད་ཐུབ་པའི་བརྟག་ཐབས་ཤིག་གི་མིང་སྟེ། འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཐོར་བུའི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། ཞོ་བཀྲ་ནི། མའི་ནུ་ཞོ་ལ་རླུང་མཁྲིས་བད་ཀན་གསུམ་པོ་གང་རུང་གིས་སྐྱོན་ཞུགས་ནས་ནུ་ཞོ་རས་པའི་རྐྱེན་གྱིས་བྱིས་པ་འཁྲུ་སྐྱུག་བྱེད་ཅིང་ལུས་མི་བདེ་བར་གྱུར་པའི་ཚེ། ནད་གང་ཡིན་རྟོག་ཐུབ་པའི་ཆེད་དུ་མའི་ནུ་ཞོར་བརྟག་ནས་ནད་ངོས་འཛིན་ཐུབ་པའི་ཐབས་ཤིག་གོ། འགའ་ཞིག་གིས་བྱིས་པའི་ནད་ཐམས་ཅད་ནུ་ཞོའི་སྒོ་ནས་བརྟག་དགོས་པར་བཤད་ཀྱང་རྒྱུ་མཚན་ལྡན་པར་མ་མཐོང་སྟེ། གང་ཡིན་ཞེ་ན། ཞོ་བཀྲ་ནི་མའི་ནུ་ཞོ་རས་པར་གྱུར་པ་དེའི་སྐྱོན་བུ་ལ་ཞུགས་ནས་ན་བ་དེ་བརྟག་པའི་ཆེད་དུ་ཡིན་ཏེ། མན་ངག་ཡོན་ཏན་རྒྱུད་ལས། ཞོ་རས་ནད་ལ་རླུང་མཁྲིས་བད་ཀན་གདོན། རླུང་གྱུར་ནུ་ཞོ་ལྦུ་བཅས་ཆུ་སྟེང་འཕྱོ། དེ་ཡིས་ཕོ་བ་སྦོ་སྐྱུག་བཤང་གཅི་སྲི། མཁྲིས་གྱུར་སེར་སྣང་རོ་སྐྱུར་ཚད་པ་སྐྱེ། བད་ཀན་སྔོ་ནལ་ཆུར་འབྱིང་མ་ཞུས་སྐྱེད། ཚོམ་བུར་ཆད་ན་གདོན་ངོ་ཡོད་པ་ཡིན། ཞེས་དང་། ནུ་ཞོ་སྐྱོན་མེད་ཀྱི་དོན་རྒྱུད་ལས་དངོས་སུ་མ་བསྟན་ནའང་། བརྒྱད་པའི་སྙིང་པོ་བསྡུས་པ་ལས། གང་ཞིག་ཆུ་ནང་གཅིག་ཏུ་འདྲེས། ཉེས་པ་ཡོད་པ་མ་ཡིན་ཏེ། འོ་མ་དེ་ནི་སྐྱོན་མེད་ཡིན། ཞེས་པའི་དོན་འདི་ཙམ་ཡང་མ་རྟོག་པར་དཔལ་ལྡན་རྒྱུད་ཀྱི་དགོངས་པར་འོལ་ཚོད་དང་། མི་ལུས་རིན་ཆེན་གྱི་སྲོག་ལ་ཚོད་ལེན་མི་མཛད་པར་གལ་ཆེའོ། །
- language:
- Tibetan