Skip to main content Skip to search
zhogs gur smon gyi 'dus pa'i sde
ID:
T241930
  • ཞོགས་གུར་སྨོན་གྱི་འདུས་པའི་སྡེ (Tibetan, Tibetan script, Original)
    • > zhogs gur smon gyi 'dus pa'i sde (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shyok gur mön gyi düpé dé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ལྷ་སའི་ཉེ་འདབས་སྟག་རྩེ་རྫོང་ཐང་དཀར་ཆུས་ཁོངས་ཞོགས་ཤང་དུ་ཡོད། འདི་སྔར་ཁ་ཆེ་པཎ་ཆེན་གྱི་སློབ་མ་རྒ་ལོ་ཙཱ་བ་རྣམ་རྒྱལ་རྡོ་རྗེས་རབ་བྱང་བཞི་པའི་མེ་བྱ(༡༢༣༧)ལོ་ནས་ཁོང་གཤེགས་ལོའི་བར་གང་རུང་ཞིག་ལ་བཏབ་པར་ངེས་ཅིང་། རྗེས་སུ་རིམ་བཞིན་ཉམས་སྟེ་ནང་པ་གུར་སྨོན་པ་ཟེར་བའི་ཁྱིམ་གྲོང་ཞིག་ཏུ་གྱུར་པ་ལས་དགེ་འདུན་གྱི་སྡེ་མེད་གར། རིན་ཆེན་སྒང་ཞེས་པའི་དགེ་ལུགས་པའི་དགེ་ལུགས་པའི་དགོན་པ་ཞིག་དམག་འཁྱག་གི་རྐྱན་གྱིས་མེར་བསྲགས། གྭྲ་པ་རྣམས་འཐོར་བའི་ལྷག་མ་བཅུ་ཙམ་ཞིག་འཕན་པོ་ཞོགས་ཕུའི་ས་ཁུག་སོགས་ལ་སྡོད་དགོས་བྱུང་བར་བརྟེན(དགའ་ལྡན་ཁྲི་ཐོག་ཉེར་ལྔ་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་འདིའི་རྣམ་ཐར་མདོར་བསྡུས《བཻཌཱུརྱ་སེར་པོའི》ཤོག་གྲངས༧༠་ནས༧༡བར་གསལ)དགའ་ལྡན་ཁྲི་པ་འཁྱུར་བའི་རྗེས་སུ་དགོན་པ་མང་པོ་ཞིག་གསོ་གནང་སྐབས་སྔར་གྱི་ཁྱིམ་གྲོང་དེ་གནས་གཞན་དུ་སྤོས་ཏེ། རིན་ཆེན་སྒང་གི་གྭྲ་པ་ལྷག་འོཕྲོས་ལ་གཞི་བྱས་ཏེ། རིན་ཆེན་སྒང་གི་གྲྭ་པ་ལྷག་འཕྲོས་ལ་གཞི་བྱས་ཏེ། རབ་བྱུང་བཅུ་པའི་མི་སྤྲེལ་(༡༥༩༦)ལོའི་ཡས་མས་སུ་བཏབ་ཅིང་། དགེ་ལུགས་ཀྱི་སྔགས་པ་གྭྲ་ཚང་ཞིག་ཡིན།

language:
Tibetan

2. Thupten Phuntsok Dictionary

འདི་ལྷ་སའི་ཉེ་འདབས་སྟག་རྩེ་རྫོང་ཐང་དཀར་ཆུས་ཁོངས་ཞོགས་ཤང་དུ་ཡོད། འདི་སྔར་ཁ་ཆེ་པཎ་ཆེན་གྱི་སློབ་མ་མ་རྒ་ལོ་ཙཱ་བ་རྣམ་རྒྱལ་རྡོ་རྗེས་རབ་བྱུང་བཞི་པའི་མེ་བྱ (༡༢༣༧) ལོ་ནས་ཁོང་གཤེགས་ལོའི་བར་གང་རུང་ཞིག་ལ་བཏབ་པར་ངེས་ཅིང་། རྗེས་སུ་རིམ་བཞིན་ཉམས་སྟེ་ནང་པ་གུར་སྨོན་པ་ཟེར་བའི་ཁྱིམ་གྲོང་ཞིག་ཏུ་གྱུར་པ་ལས་དགེ་འདུན་གྱི་སྡེ་མེད་ཁར། རིན་ཆེན་སྒང་ཞེས་པའི་དགེ་ལུགས་པའི་དགོན་པའི་ཞིག་དམག་འཁྲུག་གི་རྐྱེན་གྱིས་མེར་བསྲེགས། གྲྭ་པ་རྣམས་འཐོར་བའི་ལྷག་མ་བཅུ་ཙམ་ཞིག་འཕན་པོ་ཞོགས་ཕུའི་ས་ཁུག་སོགས་ལ་སྡོད་དགོས་བྱུང་བར་བརྟེན (དགའ་ལྡན་ཁྲི་ཐོག་ཉེར་ལྔ་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱལ་མཚོ་འདིའི་རྣམ་ཐར་མདོར་བསྡུས) དགའ་ཁྲི་པ་འཁྱུར་བའི་རྗེས་སུ་དགོན་པ་མང་པོ་ཞིག་གསོ་གནང་སྐབས་སྔར་གྱི་ཁྱིམ་གྲོང་དེ་གནས་གཞན་དུ་སྤོས་ཏེ། རིན་ཆེན་སྒང་གི་གྲྭ་པ་ལྷག་འཕྲོས་ལ་གཞི་བྱས་ཏེ། རབ་བྱུང་བཅུ་པའི་མེ་སྤྲེལ (༡༥༩༧) ལོའི་ཡས་མས་སུ་བཏབ་ཅིང་། དགེ་ལུགས་ཀྱི་སྔགས་པ་གྲྭ་ཚང་ཞིག་ཡིན།

language:
Tibetan