- zhogs don yod mkhas grub
- ID:
- T241932
- ཞོགས་དོན་ཡོད་མཁས་གྲུབ (Tibetan, Tibetan script, Original)
- > zhogs don yod mkhas grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyok dön yö khedrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འཕན་ཡུལ་སྨད་ཅུང་པ་ཆུ་སྐོར་ཞེས་པའི་ཁྱིམ་དུ་ཡབ་ཚེ་རིང་ལྷ་སྲུང་དང་ཡུམ་ཨ་སང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་ཕག(༡༦༧༡)ལོར་འཁྲུངས། མཚན་ཚེ་དབང་ལྡན་ཞེས་གསོལ། དགུང་ལོ་བདུན་ལ་དགའ་ལྡན་ཁྲི་ཆེན་བློ་བཟང་དོན་ཡོད་ཀྱི་དྲུང་དུ་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་དགེ་ཚུལ་གྱི་སྡོམ་པཞེས། མཚན་ལ་དོན་ཡོད་མཁས་གྲུབ་ཅེས་གསོལ། དགེ་སློང་ཆོས་གྲུབ་བསྟེན་ནས་ཀློག་སློབ་ལ་སྦྱངས་པ་མཛད། དགུང་ལོ་བརྒྱད་ནས་བཅོ་དརྒྱད་བར་ལ་ཞོགས་གུར་སྨོན་དགོན་དུ་སྒྲིགས་ཞུགས་གནང་། དགུང་ལོ་བཅུ་དགུ་ལ་དགའ་ལྡན་བྱང་རྩེར་བཞུགས་ཏེ་མཁས་དབང་བློ་བཟང་དགེ་ལེགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད། དགུང་ལོ་ཉེར་ལྔ་ལ་ཕེབས་སྐབས་ཞོགས་དགོན་པའི་དགེ་བསྐས་གནང་། དགུང་ལོ་ཉེར་དྲུག་སྐབས་འཁོར་བའི་སྣང་ཚུལ་ལ་ཐུགས་སྐྱོ་ཤས་འཁྲུངས་ཏེ་གྲུབ་དབང་བྱམས་པ་ཆོས་ལྡན་དང་། རྗེ་བཙུན་བསོད་ནམས་དོན་གྲུབ་སོགས་བསྟེན་ནས་ལོ་མང་རིང་དབེན་སར་དཀའ་ཐུབ་དྲག་པོ་སྤྱད་དེ་སྒྲུབ་པ་ལ་བརྩོན། དགུང་ལོ་ཞེ་གཉིས་ཐོག་སོག་པོ་ཇུན་གར་བའི་དམག་དཔུང་སྐྱིད་ཤོད་དུ་སླེབས། དགུང་ལོ་ཞེ་དྲུག་ནས་ལོ་གསུམ་རིང་ཞོགས་གུར་སྨོན་གྱི་ཆོས་གྭྲར་ལོ་ལྟར་ཟླ་བ་གསུམ་རིང་ལམ་རིམ་གྱི་ཁྲིད་དང་། འཇིགས་བྱེད་ཀྱི་དབང་ཆེན་སོགས་བསྕལ། དགུང་ལོ་ང་གསུམ་ལ་མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས་སྲིད་འགན་བླངས་ནས་རྗེ་ཉིད་ཁོང་གི་རྩ་བའི་བླ་མར་གྱུར། སྐུ་ཚེ་གང་པོར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་མཐའ་ཡས་པ་མཛད། བཀའ་རྩོམ་ལ་མཚོན་ན། 《བླ་མ་མཆོད་པའི་ཟབ་ཁྲིད་ཐུན་མོང་མ་ཡིན་པ་བརྒྱུད་ལྡན་བླ་མའི་ཞལ་གདམས》《ལམ་གྱི་ག་ཙོ་བོ་རྣམ་གསུམ་གྱི་ཁྲིད་ཡིག་རྒྱས་པ》《དཔལ་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་སྙིང་པོ》《བྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱི་ལྟ་བའི་སྐོར་གྱི་དྲི་བ་དང་དེའི་དྲིས་ལན》སོགས་པོད་གཅིག་ཙམ་ཕྱག་རྩོམ་མཛད། དགུང་ལོ་རེ་བདུན་བཞེས་པ་རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ(༡༧༣༧)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
འཕན་ཡུལ་སྨད་ཅུང་པ་ཆུ་སྐོར་ཞེས་པའི་ཁྱིམ་དུ་ཡབ་ཚེ་རིང་ལྷ་སྲུང་དང་ཡུམ་ཨ་སང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་ཕག (༡༦༧༡) ལོར་འཁྲུངས། མཚན་ཚེ་དབང་ལྡན་ཞེས་གསོལ། དགུང་ལོ་བདུན་ལ་དགའ་ལྡན་ཁྲི་ཆེན་བློ་བཟང་དོན་ཡོད་ཀྱི་དྲུང་དུ་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་དོན་ཡོད་མཁས་གྲུབ་ཅེས་གསོལ། དགེ་སློང་ཆོས་གྲུབ་བསྟེན་ནས་ཀློག་སློབ་ལ་སྦྱངས་པ་མཛད། དགུང་ལོ་རེ་བདུན་བཞེས་པ་རབ་བྱུང་བཅུ་གཉིས་པའི་མེ་འབྲུག (༡༧༣༧) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ 1671 ལོར་འཕན་ཡུལ་དུ་ཡབ་ཚེ་རིང་ལྷ་སྲུང་དང་། ཡུམ་ཨ་སང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1737 ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་དགའ་ལྡན་ཁྲི་ཆེན་བློ་བཟང་དོན་ཡོད་ལས་དགེ་བསྙེན་དང་བར་མ་[1482]རབ་བྱུང་སྟོན་དུ་འགྲོ་བའི་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་མཚན་ལ་དོན་ཡོད་མཁས་གྲུབ་ཅེས་གསོལ། དགེ་སློང་ཆོས་གྲུབ་སློབ་དཔོན་དུ་བསྟན་ནས་ཡི་གེའི་སྦྱོར་ཀློག་བསླབས། དགུང་ལོ་བརྒྱད་ནས་དགུང་ལོ་བཅོ་བརྒྱད་བར་དུ་ཞོགས་གུར་སྨོན་དགོན་དུ་སྒྲིག་ཞུགས་མཛད། དགུང་ལོ་བཅུ་དགུ་པར་དགའ་ལྡན་བྱང་རྩེར་བཞུགས་ནས་མཁས་དབང་བློ་བཟང་དགེ་ལེགས་སློབ་དཔོན་དུ་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་ཅན་ཏན་དུ་མཛད། དགུང་ལོ་ཉེར་ལྔ་པར་ཞོགས་དགོན་པའི་དགེ་བསྐོས་ཀྱི་ཐུགས་འགན་བཞེས། དགུང་ལོ་ཉེར་དྲུག་པར་གྲུབ་དབང་བྱམས་པ་ཆོས་ལྡན་དང་། རྗེ་བཙུན་བསོད་ནམས་དོན་གྲུབ་སོགས་བསྟེན་ནས་ལོ་མང་རིང་དབེན་པར་དཀའ་ཐུབ་དྲག་པོ་སྤྱད་དེ་སྒྲུབ་པར་བརྩོན། དགུང་ལོ་ཞེ་དྲུག་ནས་ལོ་གསུམ་གྱི་རིང་དུ་ཞོགས་གུར་སྨོན་གྱི་ཆོས་གྲྭར་ལོ་ལྟར་ཟླ་བ་གསུམ་རིང་ལམ་རིམ་གྱི་ཁྲིད་དང་། འཇིགས་བྱེད་ཀྱི་དབང་ཆེན་སོགས་བསྩལ། དགུང་ལོ་ང་གསུམ་པར་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ་གྱི་རྩ་བའི་བླ་མར་གྱུར། དགུང་ལོ་རེ་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་གི་གསུང་རྩོམ་ནི《བླ་མའི་རྣལ་འབྱོར་ཀུན་མཁྱེན་རྒྱ་མཚོར་འཇུག་པའི་གྲུ་གཟིངས》དང་། 《ཟབ་མོ་དབུ་མའི་ལྟ་ཁྲིད》། 《ཞལ་གདམས་མགུར་དབྱངས》བཅས་ཆོས་ཚན་སུམ་ཅུ་སོ་བཞི་ལོངས་པའི་པོད་གཅིག་བཞུགས་སོ། །
- language:
- Tibetan