- zhol chibs ra las khungs
- ID:
- T241947
- ཞོལ་ཆིབས་ར་ལས་ཁུངས (Tibetan, Tibetan script, Original)
- > zhol chibs ra las khungs (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyol chib ra lé khung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཞོལ་ཆིབས་ར་ལས་ཁུངས་ཞེས་དོ་དམ་ཆིབས་ཆེ་ཤོད་དྲུང(གནས་ལྔ་པའམ་དྲུག་པའི་ལས་ཚན་པ)གཉིས་དང་། ཆིབས་དྲུང་ཞེས་དྲུང་ཡིག་ནང་ཟན་གཉིས། ཞོལ་ཆིབས་ར་མདོ་སྦུག་གི་ཞལ་ངོ་གསུམ། གཟིམ་དྲེལ་ཞལ་ངོ་། རྒྱུགས་མ་ཞལ་ངོ་བཅས་ཡོད་པ་འདི་དག་གིས་རྣམ་ཀུན་གཞུང་རྟ་གཞུང་དྲེལ་ལ་གསོ་ཚགས་དང་། རྟ་དྲེལ་རྣམས་རིན་སྤུངས་དང་ཡར་འབྲོག་དཀར་མོ་གླིང་དུ་རྩྭ་གསོས་སུ་གཏོང་རྒྱུ། བཀའ་ཤག་ཤོད་པས་བཏང་བའི་ཐོང་འཛིན་ལྟར་རྟ་འུལ་གཏོང་རྒྱུ། རྫོང་གཞིས་ཁག་ནས་རྟ་དྲེལ་གྱི་སྒ་དང་སྒ་གདན་སོགས་ཀྱི་ཁྲལ་བསྡུ་ལེན་བྱེད་རྒྱུ། ཀོང་ཁུལ་རྫོང་ཁག་བཞི་ལ་གཟིམ་དྲེལ་གྱི་མ་རྟ་རྩིས་སྤྲོད་ཡོད་པ་ལྟར་ལོ་ལྟར་དྲེལ་ཕྲུག་བསྡུ་ལེན་བྱེད་རྒྱུ། ཆིབས་སྒྱུར་སྐབས་ཏཱ་ལའི་བླ་མའི་ཆིབས་རྟ་སྒ་སྟོང་རྒྱན་གྱིས་སྤྲས་པ་སྟོང་ཁྲིད་བྱེད་རྒྱུ་སོགས་ཀྱི་ལས་འགན་ཡོད།
- language:
- Tibetan
2. Thupten Phuntsok Dictionary
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཞོལ་ཆིབས་ར་ལས་ཁུངས་ཞེས་དོ་དམ་ཆིབས་ཆེ་ཤོད་དྲུང་ (གནས་ལྔ་པའམ་དྲུག་པའི་ལས་ཚན་པ) གཉིས་དང་། ཆིབས་དྲུང་ཞེས་དྲུང་ཡིག་ནང་ཟན་གཉིས། ཞོལ་ཆིབས་ར་མདོ་སྦུག་གི་ཞལ་ངོ་གསུམ། གཟིམ་ལ་ཞལ་ངོ་། རྒྱུགས་མ་ཞལ་ངོ་བཅས་ཡོད་པ་འདི་དག་གིས་རྣམ་ཀུན་གཞུང་རྟ་གཞུང་དྲེལ་ལ་གསོ་ཚགས་དང་། རྟ་དྲེལ་རྣམས་རིན་སྤུངས་ཁུལ་དང་ཡར་འབྲོག་དཀར་མོ་གླིང་དུ་རྩྭ་གསོས་སུ་གཏོང་རྒྱུ། བཀའ་ཤག་ཤོད་པས་བཏང་བའི་ཐོང་འཛིན་ལྟར་རྟ་འུལ་གཏོང་རྒྱུ། རྫོང་གཞིས་ཁག་ནས་རྟ་དྲེལ་གྱི་སྒ་དང་སྒ་གདན་སོགས་ཀྱི་ཁྲལ་བསྡུ་ལེན་བྱེད་རྒྱུ། ཀོང་ཁུལ་རྫོང་ཁག་བཞི་ལ་གཟིམ་དྲེལ་གྱི་མ་རྟ་རྩིས་སྤྲོད་ཡོད་པ་ལྟར་ལོ་ལྟར་དྲེལ་ཕྲུག་བསྡུ་ལེན་བྱེད་རྒྱུ། ཆིབས་སྒྱུར་སྐབས་ཏཱ་ལའི་བླ་མའི་ཆིབས་རྟ་སྒ་སྟོང་རྒྱན་གྱིས་སྤྲས་པ་སྟོང་ཁྲིད་བྱེད་རྒྱུ་སོགས་ཀྱི་ལས་འགན་ཡོད།
- language:
- Tibetan