- zhol chibs ra'i rtswa bza'i skor
- ID:
- T241948
- ཞོལ་ཆིབས་རའི་རྩྭ་བཟའི་སྐོར (Tibetan, Tibetan script, Original)
- > zhol chibs ra'i rtswa bza'i skor (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyol chib ré tsa zé kor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྔའི་སྣེའུ་རྫོང་ཁུལ་དུ་ཞོལ་ཆིབས་ར་སྦུག་གི་ཆིབས་གདང་ཞེས་སྟོན་དུས་འགྲོ་ཡུལ་ཞིག་བྱེད་ཀྱི་ཡོད་པ་ལོ་ལྟར་བོད་ཟླ་བདུན་པའི་ཟླ་མཇུག་ཙམ་ལ་ར་མ་སྒང་ཀོ་སར་མི་ཧྲེང་བཅོ་ལྔ་སྐོར་དང་ཀོ་པ་བཅས་སྒུག་སྡོད་ཀྱིས་ཆིབས་ཆེན་ལེགས་པ་རྣམས་ཆུ་སྒྲོལ་སྐབས་ཆིབས་ཆེན་གཉིས་རེ་ཙམ་བྱས་ཏེ་ཀོ་ཁྲིད་བརྒྱབ་ནས་འདོན་དགོས་པ། ཞེར་བ་རྣམས་ཆུ་ལ་སྤྱིར་བཏང་བྱས་ནས་འདོན་དགོས་པ་དང་། དེ་ནས་ལེགས་པ་རྣམས་མི་ཧྲེང་གིས་དལ་པོར་ཁྲིད་ནས་འགྲོ་དགོས་པ། ལམ་གཡས་གཡོན་དུ་རྡོ་བསྟར་དང་། དཀར་ཐིག་བསངས་བཅས་གཏོང་སྲོལ་ཡོད་པ། དེ་བཞིན་རྟ་རྣམས་ཉིན་མོ་རྩྭ་བཀག་ཅེས་པར་མི་ཧྲེང་ལྔ་དྲུག་ཙམ་ནས་འཚོ་དགོས་པ་དང་། མཚན་མོ་གོང་གསལ་ཆིབས་རྟ་ལེགས་པ་རྣམས་ཆིབས་རར་འཇུག་དགོས་ལ་དེ་དག་ལ་མཚན་མོ་སྟེར་བྱེད་རྩྭ་ཡང་རྔ་དགོས་ཀྱི་ཡོད། བྱིངས་རྩྭ་བཀག་ནང་མཚན་མོ་མི་བཞིས་ཟུར་བཞིར་ཉལ་ནས་སྲུང་དགོས་ཀྱི་ཡོད། དེ་ནས་ལོ་ཏོག་སྨིན་མཚམས་མང་ཚོགས་རྣམས་བཙས་མ་བརྔས་ཟིན་རིམ་བཞིན་སྣོར་ཤུལ་དུ་ཉིན་མོ་ཆིབས་རྟ་ཡོངས་རྫོགས་གཏོང་གྲོལ་ཡོད་པ་དེའི་སྐབས་བཙས་མ་མཇུག་སྒྲིལ་གཙང་མ་མ་ཟིན་པའམ་ཡང་ན་སྙེ་སྒྲུག་གཙང་མ་མ་ཟིན་གོང་ཆིབས་ཆེན་ཞལ་ངོའི་སར་བསྐྱོད་ནས་ཉིན་ཤས་འགྱངས་ཐབས་ཞེས་ཞུ་ངོ་བྱེད་དགོས་ཀྱི་ཡོད་པ་དང་། དེ་ནས་སྣོར་ཤུལ་དུ་བསྐྱོད་སྐབས་ཆིབས་རའི་ལག་དོ་མི་གཉིས་རེ་རེས་བསྐོར་གྱིས་བསྐྱོད་དགོས་པར་མང་ཚོགས་ནས་དེ་ཉིན་ཟ་འཐུང་སྟེར་དགོས་་ཀྱི་ཡོད། དེ་བཞིན་མཚན་མོ་བསྟེར་བྱེད་གཟན་སློང་ཞེས་རྟ་གཉིས་འཁྲིད་དེ་གཟན་སྒྱེ་དྲུག་བདུན་ཙམ་འཁྱེར་ནས་ལག་དོ་གོ་ཐང་གཅིག་གཏོང་སྲོལ་གྱིས་རྗེས་སུ་གཟན་རྩྭ་ཁང་པ་གཅིག་གཉིས་ཙམ་ཚོང་སྒྱུར་བྱེད་ཀྱི་ཡོད་པས་དེའི་སྐབས་དངུལ་རྡོ་ཚད་དྲུག་ཅུ་སྐོར་ཡོང་བ་དེ་དག་ཆིབས་ཆེན་ཞལ་ངོར་བདག་གི་ཡོད། བོད་ཟླ་བཅུ་པའི་ཆེས་བཅོ་ལྔ་ཉིན་ཞོལ་ཆིབས་རྭར་འཆར་ཅན་ལིག་སྐབས་ར་མ་སྒང་ཀོ་ས་བར་གོང་གསལ་ནས་སྐྱེལ་སྒྲོལ་དགོས་པ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
དེ་སྔའི་སྣེའུ་རྫོང་ཁུལ་དུ་ཞོལ་ཆིབས་ར་སྦུག་གི་ཆིབས་གདང་ཞེས་སྟོན་དུས་འགྲོ་ཡུལ་ཞིག་བྱེད་ཀྱི་ཡོད་པ་ལོ་ལྟར་བོད་ཟླ་བདུན་པའི་ཟླ་མཇུག་ཙམ་ལ་ར་མ་སྒང་ཀོ་སར་མི་ཧྲེང་བཅོ་ལྔ་སྐོར་དང་ཀོ་པ་བཅས་སྒུག་སྡོད་ཀྱིས་ཆིབས་ཆེན་ལེགས་པ་རྣམས་ཆུ་སྒྲོལ་སྐབས་ཆིབས་ཆེན་གཉིས་རེ་ཙམ་བྱས་ཏེ་ཀོ་ཁྲིད་བརྒྱབ་ནས་འདོན་དགོས་པ། ཞེར་བ་རྣམས་ཆུ་ལ་སྤྱིར་བཏང་བྱས་ནས་འདོན་དགོས་པ་དང་། དེ་ནས་ལེགས་པ་རྣམས་མི་ཧྲེང་གིས་དལ་པོར་ཁྲིད་ནས་འགྲོ་དགོས་པ། ལམ་གཡས་གཡོན་དུ་རྡོ་བསྟར་དང་། དཀར་ཐིག བསངས་བཅས་གཏོང་སྲོལ་ཡོད་པ། དེ་བཞིན་རྟ་རྣམས་ཉིན་མོ་རྩྭ་བཀག་ཅེས་པར་མི་ཧྲེང་ལྔ་དྲུག་ཙམ་ནས་འཚོ་དགོས་པ་དང་། མཚན་མོ་གོང་གསལ་ཆིབས་རྟ་ལེགས་པ་རྣམས་ཆིབས་རར་འཇུག་དགོས་ལ་དེ་དག་ལོ་མཚན་མོ་སྟེར་བྱེད་རྩྭ་ཡང་རྔ་དགོས་ཀྱི་ཡོད། བྱིངས་རྩྭ་བཀག་ནང་མཚན་མོ་མི་བཞིས་ཟུར་བཞིར་ཞལ་ནས་སྲུང་དགོས་ཀྱི་ཡོད། དེ་ནས་ལོ་ཏོག་སྨིན་མཚམས་མང་ཚོགས་རྣམས་བཙས་མ་བརྔས་ཟིན་རིམ་བཞིན་སྣོར་ཤུལ་དུ་ཉིན་མོ་ཆིབས་རྟ་ཡོངས་རྫོགས་གཏོང་གྲོལ་ཡོད་པ་དེའི་སྐབས་བཙས་མ་མཇུག་སྒྲིལ་གཙང་མ་མ་ཟིན་པའམ་ཡང་ན་སྙེ་སྒྲུག་གཙང་མ་མ་ཟིན་གོང་ཆིབས་ཆེན་ཞལ་ངོའི་སར་བསྐྱོད་ནས་ཉིན་ཤས་འགྱངས་ཐབས་ཞེས་ཞུ་ངོ་བྱེད་དགོས་ཀྱི་ཡོད་པ་དང་། དེ་ནས་སྣོར་ཤུལ་དུ་བསྐྱོད་སྐབས་ཆིབས་རའི་ལག་དོ་མི་གཉིས་རེ་རེས་བསྐོར་གྱིས་བསྐྱོད་དགོས་པར་མང་ཚོགས་ནས་དེ་ཉིན་ཟ་འཐུང་སྟེར་དགོས་ཀྱི་ཡོད། དེ་བཞིན་མཚན་མོ་བསྟེར་བྱེད་གསན་སློང་ཞེས་རྟ་གཉིས་འཁྲིད་དེ་གཟན་སྒྱེ་དྲུག་བདུན་ཙམ་འཁྱེར་ནས་ལག་དོ་གོ་ཐང་གཅིག་གཏོང་སྲོལ་གྱིས་རྗེས་སུ་གཟན་རྩྭ་ཁང་པ་གཅག་གཉིས་ཙམ་ཚོང་སྒྱུར་བྱེད་ཀྱི་ཡོད་པས་དེའི་སྐབས་དངུལ་རྡོ་ཚད་དྲུག་ཅུ་སྐོར་ཡོང་བ་དེ་དག་ཆིབས་ཆེན་ཞལ་ངོར་བདག་གི་ཡོད། བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་ཞོལ་ཆིབས་རྭར་འཆར་ཅན་ལོག་སྐབས་ར་མ་སྒང་ཀོ་ས་བར་གོང་གསལ་ནས་སྐྱེལ་སྒྲོལ་དགོས་པ་ཡིན།
- language:
- Tibetan