- zhol gnyer las khungs
- ID:
- T241949
- ཞོལ་གཉེར་ལས་ཁུངས (Tibetan, Tibetan script, Original)
- > zhol gnyer las khungs (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyol nyer lé khung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྡ་བོད་ས་གནས་སྲིད་གཞུང་སྐབས་ཞོལ་གཉེར་ལས་ཁུངས་ཞེས་རྩེ་ཕོ་བྲང་གི་འོག་ཞོལ་དུ་ཡོད་ཅིང་། འདིར་ལས་ཁྱེད་དོ་དམ་མི་སྣ་ནི། ཞོལ་གཉེར་རྩེ་དྲུང་མཁན་ཆུང་གཅིག་དང་། ཤོད་དྲུང་རིམ་བཞི་གཉིས(དེ་སྔ་གནས་ལྔ་པའི་ལས་ཚན་པ་ཡིན)གཉེར་ཆུང་གསུམ། ཞོལ་དྲུང་བཅོ་ལྔ་སྐོར་བཅས་ཡོད། ལས་ཁུངན་འདིས་གཏོང་སྒོ་དང་ཁྲིམས་ལུགས་ལག་བསྟར་གྱི་འགན་དབང་ཟུང་འབྲེལ་དུ་སྤྱོད་པ་ཡིན་ཏེ། དེ་ཡང་ལྷ་སའི་གླིང་སྐོར་ཕྱིའི་ཞོལ་འོག་གཞིས་ཁག་བཅོ་བརྒྱད་ལ་ཁྲལ་བསྡུ་ཁྲིམས་གནོན་བྱེད་ལུགས་མི་དཔོན་དང་འདྲ་བ་དང་། ཉེ་འཁོར་གྱི་ཆུ་འཁོར་ཡོད་ཚད་ལ་ལྗགས་སྨིན་ཟེར་བའི་ཏཱ་ལའི་བླ་མའི་གསོལ་ཞིབ་འཐག་ལས་ཀྱིས་རྩེ་གསོལ་ཐབ་དང་ལས་ཁུངས་ཁག་ལ་གཏོང་བ། ལྗགས་གྲོ་ཞེས་ཏཱ་ལའི་བླ་མའི་བཞེས་གྲོ་དང་། གསོལ་མར(ཨའུ་ཡང་ཟེར)བསྡུ་ལེན་བྱ་མི་གཉེར་ནང་ཆེད་འཛུགས་ཐོག་ཉིན་གནངས་ཆགས་ཀྱིས་མར་གསར་བླངས་ཏེ་སྤྲོད་གཏོང་བྱེད་རྒྱུ། འབྲི་ཁུང་ནས་སོལ་བ་དང་ཡངས་ཅན་ནས་ས་ཀར་གྱི་ཁྲལ་བསྡུས་ཏེ་གཞུང་ལས་བཟོ་རིགས་ལ་སོལ་བ་མཁོ་འདོན་དང་རྩེ་ཕོ་བྲང་སོགས་ལ་དཀར་རག་མཁོ་འདོན་དང་། གསོལ་རྒྱུའི་དོ་དམ། ཞོལ་དཔལ་ལྡིང་ཞེས་པའི་བཙོན་ཁང་ལ་དོ་དམ་དང་ཁྲིམས་འགལ་ཉེས་ཅན་རྣམས་ལ་ཁྲིམས་གཅོད་བྱེད་རྒྱུ་བཅས་ཡིན།
- language:
- Tibetan
2. Thupten Phuntsok Dictionary
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཞོལ་གཉེར་ལས་ཁུངས་ཞེས་རྩེ་ཕོ་བྲང་གི་འོག་ཞོལ་དུ་ཡོད་ཅིང་། འདིར་ལས་བྱེད་དོ་དམ་མི་སྣ་ནི། ཞོལ་གཉེར་རྩེ་དྲུང་མཁན་ཆུང་གཅིག་དང་། ཤོད་དྲུང་རིམ་བཞི་གཉིས (དེ་སྔ་གནས་ལྔ་པའི་ལས་ཚན་པ་ཡིན) གཉེར་ཆུང་གསུམ། ཞོལ་དྲུང་བཅོ་ལྔ་སྐོར་བཅས་ཡོད། ལས་ཁུངས་འདིས་གཏོང་སྒོ་དང་ཁྲིམས་ལུགས་ལག་བསྟར་གྱི་འགན་དབང་ཟུང་འབྲེལ་དུ་སྤྱོད་པ་ཡིན་ཏེ། དེ་ཡང་ལྷ་སའི་གླིང་སྒོར་ཕྱིའི་ཞོལ་འོག་གཞིས་ཁག་བཅོ་བརྒྱད་ལ་ཁྲལ་བསྡུ་ཁྲིམས་གནོན་བྱེད་ལུགས་མི་དཔོན་དང་འདྲ་བ་དང་། ཉེ་འཁོར་གྱི་ཆུ་འཁོར་ཡོད་ཚད་ལ་ལྗགས་སྨིན་ཟེར་བའི་ཏཱ་ལའི་བླ་མའི་གསོལ་ཞིབ་འཐག་ལས་ཀྱིས་རྩེ་གསོལ་ཐབ་དང་ལས་ཁུངས་ཁག་ལ་གཏོང་བ། ལྗགས་གྲོ་ཞེས་ཏཱ་ལའི་བླ་མའི་བཞེས་གྲོ་དང་། གསོལ་མར (ཨའུ་ཡང་ཟེར) བསྡུ་ལེན་བྱ་མི་གཉེར་ནང་ཆེད་འཛུགས་ཐོག་ཉིན་གནངས་ཆགས་ཀྱིས་མར་གསར་བླངས་ཏེ་སྤྲོད་གཏོང་བྱེད་རྒྱུ། འབྲི་ཁུང་ནས་སོལ་བ་དང་ཡངས་ཅན་ནས་ས་ཀར་གྱི་ཁྲལ་བསྡུས་ཏེ་གཞུང་ལས་བཟོ་རིགས་ལ་སོལ་བ་མཁོ་འདོན་དང་རྩེ་ཕོ་བྲང་སོགས་ལ་དཀར་རག་མཁོ་འདོན་དང་། གསོལ་རྒྱུའི་དོ་དམ། ཞོལ་དཔལ་ལྡིང་ཞེས་པའི་བཙོན་ཁང་ལ་དོ་དམ་དང་ཁྲིམས་འགལ་ཉེས་ཅན་རྣམས་ལ་ཁྲིམས་གཅོད་བྱེད་རྒྱུ་བཅས་ཡིན།
- language:
- Tibetan