- zhol rdo ring phyi ma
- ID:
- T241951
- ཞོལ་རྡོ་རིང་ཕྱི་མ (Tibetan, Tibetan script, Original)
- > zhol rdo ring phyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyol do ring chima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཞོལ་གཞུང་སྒོའི་མདུན་གཞུང་ལམ་གྱི་ལྷོ་ངོས་སུ་ཡོད་པའི་རྡོ་རིང་ཕྱི་མ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བཙུགས་པ་དེའི་རིང་ཚད་སྤྱི་ཁྲེ་བདུན་སྐོར་དང་། ཞབས་སྟེགས་རྡོ་རྩིག་བང་རིམ་གསུམ། རྩེ་མོར་ཆར་ཁེབས་གྲུ་བཞི་བང་རིམ་ཅན་ཏོག་དང་བཅས་པ་དེའི་ངོས་སུ་བཙན་པོས་བློན་པོ་སྟག་སྒྲ་ཀླུ་ཁོང་ལ་གནང་བའི་བཀའ་གཙིགས(ཞལ་བཞེས)ཀྱི་ཡི་གི་འཁོད་ཡོད་པ་ལས་ནུབ་ཏུ་ཡིག་ཕྲེང་དྲུག་ཅུ་དང་། ཤར་དུ་ཡིག་ཕྲེང་བཅུ་དྲུག་ ལྷོར་ཡིག་ཕྲེང་བདུན་ཅུ་དོན་བཞི་བཅས་ཡོད་ཅིང་། བྱང་དུ་ཡི་གེ་མེད།
- language:
- Tibetan
2. Thupten Phuntsok Dictionary
ཞོལ་གཞུང་སྒོའི་མདུན་གཞུང་ལམ་གྱི་ལྷོ་ངོས་སུ་ཡོད། རྡོ་རིང་ཕྱི་མ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བཙུགས་པ་དེའི་རིང་ཚད་སྤྱི་ཁྲེ་བདུན་སྐོར་དང་། ཞབས་སྟེགས་རྡོ་རྩིག་བང་རིམ་གསུམ། རྩེ་མོར་ཆར་ཁེབས་གྲུ་བཞི་བང་རིམ་ཅན་ཏོག་དང་བཅས་པ་དེའི་ངོས་སུ་བཙན་པོས་བློན་པོ་སྟག་སྒྲ་ཀླུ་ཁོང་ལ་གནང་བའི་བཀའ་གཙུགས (ཞལ་བཞེས) ཀྱི་ཡི་གེ་འཁོད་ཡོད་པ་ལས་ནུབ་ཏུ་ཡིག་ཕྲེང་དྲུག་ཅུ་དང་། ཤར་དུ་ཡིག་ཕྲེང་བཅུ་དྲུག ལྷོར་ཡིག་ཕྲེང་བདུན་ཅུ་དོན་བཞི་བཅས་ཡོད་ཅིང་། བྱང་དུ་ཡི་གེ་མེད།
- language:
- Tibetan