Skip to main content Skip to search
zhol spos bzo khang
ID:
T241952
  • ཞོལ་སྤོས་བཟོ་ཁང (Tibetan, Tibetan script, Original)
    • > zhol spos bzo khang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shyol pö zo khang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཞོལ་སྤོས་བཟོ་ཁང་ཞེས་པར་དོ་དམ་རྩེ་དྲུང་གཅིག་དང་། རྩེ་ཕྱག་ནང་གཅིག རྩེ་གཉེར་ནང་གཉིས་བཅས་ཡོད་པ་དེའི་ལས་འགན་ནི་ཙནྡན་དཀར་དམར་གྱིས་མཚོན་སྤོས་རྒྱུ་གང་དགོས་རྩེ་ཕྱག་ལས་ཁུང་ས་ནས་ཞུ་དགོས་པ་དང་། སྤོས་བརྡུང་ལས་མི་སྔར་ལམ་ཡར་འབྲོག་གླིང་གཞིས་འོག་ནས་རྐང་འདོན་ཆ་གསེས་ཀྱིས་མི་གྲངས་སུམ་ཅུ་སྐོར་ལོ་ལྟར་ཟླ་བཅུ་གཉིས་པ་ནས་ཞོལ་ཤར་སྒོའི་ལྕོག་ཏུ་སྤོས་བཟོའི་ལས་གྲྭ་དེགནས་གཙོ་བོར་གཟིམ་ཆུང་གཟིམ་སྤོས་དང་། གཟིམ་འདྲ། དཀྱུས་སྤོས་བཅས་ཨང་གྲངས་གསུམ་དུ་དབྱེ་སྟེ་རྩེ་ཕྱག་ལས་ཁུངས་ཀྱི་འབབ་དེབ་ནང་གསལ་སྤུས་འབོར་ལས་མ་ཞན་པ་ལོ་ལྟར་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་རྩེ་ཕྱག་ལས་ཁུངས་སུ་རྩིས་འབུལ་ཞུ་དགོས་པ་ཡིན།

language:
Tibetan

2. Thupten Phuntsok Dictionary

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཞོལ་སྤོས་བཟོ་ཁང་ཞེས་པར་དོ་དམ་རྩེ་དྲུང་གཅིག་དང་། རྩེ་ཕྱག་ནང་གཅིག རྩེ་གཉེར་ནང་གཉིས་བཅས་ཡོད་པ་དེའི་ལས་འགན་ནི་ཙནྡན་དཀར་དམར་གྱིས་མཚོན་སྤོས་རྒྱུ་གང་དགོས་རྩེ་ཕྱག་ལས་ཁུངས་ནས་ཞུ་དགོས་པ་དང་། སྤོས་བརྡུང་ལས་མི་སྔར་ལམ་ཡར་འབྲོག་གླིང་གཞིས་འོག་ནས་རྐང་འདོན་ཆ་གསེས་ཀྱིས་མི་གྲངས་སུམ་ཅུ་སྐོར་ལོ་ལྟར་ཟླ་བཅུ་གཉིས་པ་ནས་ཞོལ་ཤར་སྒོའི་ལྕོག་ཏུ་སྤོས་བརྡུང་ལས་འགོ་བཙུགས་ཏེ་ཟླ་བཅུ་པའི་ཚེས་ཤར་བར་སྤོས་བཟོའི་ལས་གྲྭ་དེ་ནས་གཙོ་བོར་གཟིམ་ཆུང་གཟིམ་སྤོས་དང་། གཟིམ་འདྲ། དཀྱུས་སྤོས་བཅས་ཨང་གྲངས་གསལ་སྤུས་འབོར་ལས་ཁུངས་སུ་རྩིས་འབུལ་ཞུ་དགོས་པ་ཡིན།

language:
Tibetan