Skip to main content Skip to search
zhwa dmar sku phreng bcu pa mi pham chos grub rgya mtsho
ID:
T241968
  • ཞྭ་དམར་སྐུ་ཕྲེང་བཅུ་པ་མི་ཕམ་ཆོས་གྲུབ་རྒྱ་མཚོ (Tibetan, Tibetan script, Original)
    • > zhwa dmar sku phreng bcu pa mi pham chos grub rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shyamar ku treng chupa mipam chö drub gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་སྤྱི་ལོ༡༧༤༢་ལོར་གཙང་བཀྲ་ཤིས་རྩེར་པཎ་ཆེན་དཔལ་ལྡན་གྱི་སྐུ་ཡི་གཅུང་པོར་སྐུ་འཁྲུངས། དགུང་ལོ་ལྔ་པར་ཀརྨ་པ་བདུད་འདུལ་རྡོ་རྗེ་དང་སི་ཏུ་ཆོས་ཀྱི་འབྱུང་གནས། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ།དཔའ་བོ་གཙུག་ལག་དགའ་བའི་དབང་པོ། འབྲི་གུང་ཡབ་སྲས། ས་སྐྱ་བདག་ཆེན། འབྲུག་པ་ཡབ་སྲས་རྣམས་ཀྱིས་དགོངས་པ་གཅིག་དང་མགྲིན་གཅིག་ཏུ་ཞྭ་དམར་པའི་ཡང་སྲིད་དུ་ངོས་འཛིན་གནང་། རབ་བྱུང་བཅུ་གསུམ་པའི་ལྕགས་མོ་ཕག་སྤྱི་ལོ༡༧༩༡གོ་བོད་ཟིང་འཁྲུགས་ལོང་པའི་སྐབས་སུ།ཞྭ་དམར་རིན་པོ་དང་བལ་པོ་རྒྱལ་པོའི་བར་ཡོན་མཆོད་འབྲེལ་བ་ཡོད་སྟབས་བཀའ་བློན་རྟ་ཚག་བསྟན་པའི་མགོན་པོས་ཞྭ་དམར་རིན་པོ་ཆེ་བལ་ཡུལ་དུ་གོར་བོད་ཆིངས་སྒྲིག་གི་ཆེད་དུ་བཏང་།གོ་དམག་བོད་དུ་འཛུལ་བ་དང་། རྗེ་ཉིད་བལ་ཡུལ་དུ་ཕེབས་པའི་ལམ་ཁ་འཛོལ་སྟབས་གཞུང་གི་བཀའ་བཞིན་མ་འགྲུབ། དེའི་རྐྱེན་གྱིས་ཞྭ་དམར་བ་ལ་གོར་དམག་ནང་ཁྲིད་བྱས་པའི་ཁ་ཡོག་ཕོག་སྟེ། འགའ་ཞིག་གིས་ཟས་དུག་དྲངས་པར་བཤད་པ་དང་། ཡིག་ཆ་འགའ་ཞིག་ལས། ནང་འཁོར་ལ་ལྐོག་རྔན་བྱིན་ནས་མགུལ་བསྡམས་ནས་བཀྲོངས་པར་བཤད། གང་ལྟར་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་སྤྱི་ལོ་༡༧༩༢ལོར་དགུང་ལོ་ང་གཅིག་པར་བལ་ཡུལ་དུ་སྐུ་གཤེགས། དེ་འཕྲལ་ཞྭ་དམར་པའི་གདན་ས་ཡངས་ཅན་དགོན་སྒོ་ཐེལ་བརྒྱབ། ཡང་སྲིད་ངོས་འཛིན་བྱ་མི་ཆོག་པའི་བཀའ་རྒྱ་བསྒྲགས། དེ་ནས་ལོ་བརྒྱ་དང་དྲུག་ཅུ་ལྷག་ཙམ་གྱི་བར་ཡོངས་གྲགས་ཀྱི་ཞྭ་དམར་པའི་ཡང་སྲིད་མེད་པར་ཆགས།

language:
Tibetan