Skip to main content Skip to search
zhwa dmar sku phreng dang po rtogs ldan grags pa seng ge
ID:
T241970
  • ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེང་གེ (Tibetan, Tibetan script, Original)
    • > zhwa dmar sku phreng dang po rtogs ldan grags pa seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zhamar kutreng dangpo tokden drakpa senggé (Tibetan, Latin script, Transcription-THL Simplified Tibetan Transcription)
    • > ཞྭ་དམར་རྟོགས་ལྡན་གྲགས་པ་སེང་གེ (Tibetan, Tibetan script, Alt Spelling-Contraction)
      • > zhamar tokden drakpa senggé (Tibetan, Latin script, Transcription-THL Simplified Tibetan Transcription)
      • > zhwa dmar rtogs ldan grags pa seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཞྭ་དམར་སྐུ་ཕྲེང་དང་པོ་འདི་ཉིད་ཡབ་སྟག་ཆུང་དང་། ཡུམ་ཨ་རྒོད་བཟའི་སྲས་སུ་རབ་བྱུང་ལྔ་པའི་ཆུ་ལུག(༡༢༨༣)ལོར་སྐུ་བལྟམས། དགུང་ལོ་ལྔ་ནས་སྒྲོལ་མའི་ཞལ་གཟིགས་པ་དང་། བྱིས་པའི་དུས་ནས་མངོན་པར་ཤེས་པ་ཐོགས་མེད་དུ་བྱུང་། དགུང་ལོ་བཅུ་གསུམ་ལ་རྗེ་ཁོལ་བའི་སློབ་མ་བློ་གྲོས་གྲགས་པའི་དྲུང་དུ་དགེ་བསྷེན་གྱི་སྡོམ་པ་མནོས། དེར་ལོ་གཉིས་བཞུགས་རྗེས་བསྙེན་པ་ལ་བརྩོན་མཔ་མཛད། དགུང་ལོ་བཅུ་བདུན་པ་ལ་བླ་མ་ཡེ་ཤེས་སེང་གེའི་དྲུང་དུ་རབ་ཏུ་བྱུང་། དེ་ལ་ལྷན་བསྐྱེད་དང་། ཇོ་མོ་ཧྲེཿབསྐྱེད་བཅས་གསན། ཁྱད་པར་དུ་ཐབས་ལམ་གྱི་ཁྲིད་ཞུས་པས་དྲོད་ཁྱད་པར་ཅན་སྐྱེས། ན་བཟའ་རས་རྒྱང་རེས་ཆོག་པས་དབྲང་གུ་རས་པར་གྲགས། དེ་ནས་དབུས་སུ་བྱོན་ནས་ས་སྤྲེལ(༡༣༠༨)ལོར་མཚུར་ཕུར་ཕེབས། དེར་སློབ་དཔོན་ཚུལ་རིན་དང་སློབ་དཔོན་བསོད་ནམས་སེང་གེ། གནམ་བར་གྱི་སློབ་དཔོན་དབུ་མ་བ་བཅས་ལས་གསང་འདུས་ཀྱི་དབང་དང་། ལྔ་ཚན་ལྔའི་དབང་། བདེ་དགྱེས་ཀྱི་དབང་སོགས་མང་དུ་གསན། དེ་ནས་གསང་ཕུར་བྱོན་ནས་བླ་ཆོས་པ་འཇམ་དབྱངས་ཤཱཀྱ་གཞོན་ནུ་དང་། ཟུར་ཆོས་པ་སློབ་དཔོན་བློ་གྲོས་མཚུངས་མེད་ལ་གཏུགས་ནས་མཚན་ཉིད་ཀྱི་སྡེ་སྣོད་ས་སྡེ་ལྔ་དང་། བྱམས་ཆོས་ལྔ་དང་། ཚད་མ་རྣམ་ངེས་དང་། སྡུད་པ་དང་སྤྱོད་འཇུག་ལ་སོགས་པ་མང་དུ་ཞུས། ཁྱད་པར་ཕར་ཕྱིན་གྱི་ཊཱིཀ་ཞིག་བརྩམས། ཕར་ཕྱིན་ལ་མཆོག་ཏུ་མཁས་པས་གཙང་ཕྱོགས་ལ་གྲྭ་སྐོར་དུ་བྱོན་ཏེ་ཕར་ཕྱིན་གྱི་ཆོས་སྐད་བྱང་བའི་སྙན་པ་ཐོབ། གསང་ཕུར་བཞུགས་དུས་རྒྱ་བྲག་ཆོས་རྗེ་ལ་ཞི་བྱེད་མཐའ་བྲལ་གསུམ་གྱི་གདམས་པ་ངོ་སྤྲོད་དང་། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཞུས། དེར་ལོ་བདུན་བཞུགས། དེ་ནས་སྒོམ་པ་ལ་ཞུགས་པས་ཉམས་བཟང་པོ་ཐོན་ཅིང་། སྒྱུ་ལུས་དང་རྨི་ལམ་ལ་རྩལ་ཐོན་པ་བྱུང་། ས་སྐྱར་ཕེབས་སྐབས་ལོ་ཙཱ་བ་བློ་གྲོས་བརྟན་པ་དང་མཇལ་ནས་དོན་དམ་བསྙེན་པ་དང་སྒྲུབ་ཐབས་རྒྱ་མཚོའི་ལུང་ཞུས། དེ་ནས་རྫོང་དྲུག་ལ་བྱོན་ཏེ་བྲག་དཀར་དང་ཁུ་བྱུག་དབེན་པ་རྫོང་དང་བྲག་དམར་གསུམ་དུ་ཤས་ཆེར་བཞུགས་ཤིང་ཐུགས་དམ་ཡང་ཤིན་ཏུ་འཕེལ། དེའི་ཕྱོགས་སུ་ལོ་གསུམ་བཞུགས། ལོ་རིལ་པོ་ལྔའི་བར་དུ་བདེ་ཆེན་དུ་ཐུགས་དམ་ལ་བཞུགས་ཤིང་ཆོས་མང་དུ་གསན། མཁན་ཆེན་གཞོན་ནུ་བྱང་ཆུབ་དང་སློབ་དཔོན་བཀྲ་ཤིས་རིན་ཆེན་ལ་སོགས་པ་ལས་བསྙེན་པར་རྫོགས། བདེ་ཆེན་གྱི་གདན་སར་བསྐོས་ཀྱང་ཞལ་མ་བཞེས། དེ་ནས་གསང་ཕུར་བླ་མ་སྟོན་དར་ལ་ནཱ་རོ་མཁའ་སྤྱོད་སྐོར་ཞུས། དེ་ལ་ཐུགས་དམ་གྱི་མཐིལ་མཛད། བྱ་ལོ་ནས་གནས་ནང་བཏབ། དགེ་འདུན་ཡང་བརྒྱ་ལྷག་ཙམ་ཚོགས། དེར་འགྲོ་དོན་ཡུན་རིང་དུ་མཛད། རྗེ་འདི་ཉིད་ཀྱིས་ཞིང་ཁམས་མང་དུ་གཟིགས་པ་དང་། བར་དོ་མངོན་སུམ་དུ་གཟིགས་པས་དེ་དག་གི་དོན་རྒྱ་ཆེན་མཛད་པ་དང་། སྒོམ་ཆེན་པའི་གེགས་མང་དུ་བསལ་བ་ལ་སོགས་པ་རྣམས་ནི་བགྲང་གིས་མི་ལངས། མཐར་དགུང་ལོ་དྲུག་ཅུ་རེ་བདུན་བཞེས་པ་རབ་བྱུང་དྲུག་པའི་ས་གླང་(༡༣༤༩)ལོར་དགོངས་པ་ཞི་དབྱིངས་སུ་གཤེགས། རྗེ་འདི་ལ་སློབ་མ་ཤིན་ཏུ་མང་པོ་བྱུང་ཡང་བུ་ཆེན་བཞིར་གྲགས་པ་ནི། རྟོགས་ལྡན་མགོན་རྒྱལ་བ། འཇམ་དབྱངས་ཆོས་རྡོར་བ། གཡག་སྡེ་པ་ཎ་ཆེན། མཁས་གྲུབ་དར་མ་རྒྱལ་མཚན་བཅས་སོ། །

language:
Tibetan

2. Thupten Phuntsok Dictionary

མཚན་གཞན་འབྲང་འགུག་རས་པ་ཟེར། རབ་བྱུང་ལྔ་པའི་ཆུ་ལུག་སྤྱི་ལོ་༡༢༨༣ལོར་ཁམས་མདོ་ཁམས་ཕྱག་ཕྲེང་ཡུལ་དུ་སྐུ་འཁྲུངས། མཚན་གྲགས་པ་སེང་གེ་ཞེས་གསོལ། བླ་མ་བློ་གྲོས་སེང་གེ་ཞེས་གསོལ། བླ་མ་གོས་གྲགས་པའི་མདུན་ན་ལོ་བརྒྱད་བཞུགས། དེ་ནས་དབུས་སུ་ཕེབས་ནས་ཀརྨ་པ་རང་བྱུང་རྡོ་རྗེའི་ཞབས་ལ་བཏུད། རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ༡༣༤༩ལོར་དགུང་ལོ་རེ་བདུན་པར་སྐུ་གཤེགས།

language:
Tibetan