- zhwa dmar sku phreng drug pa chos kyi dbang phyug
- ID:
- T241971
- ཞྭ་དམར་སྐུ་ཕྲེང་དྲུག་པ་ཆོས་ཀྱི་དབང་ཕྱུག (Tibetan, Tibetan script, Original)
- > zhwa dmar sku phreng drug pa chos kyi dbang phyug (Tibetan, Latin script, Transliteration-THL Extended Wylie Transliteration)
- > zhamar kutreng drukpa chökyi wangchuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འབྲི་གུང་གཞོ་ལུང་དུ་ཡབ་འབྲི་གུང་ཆོས་རྒྱལ་ཕུན་ཚོགས་དང་ཡུམ་ལོང་མོ་བཟའ་གཡང་འགུགས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཤིང་སྤྲེལ(༡༥༨༤)ལོར་འཁྲུངས། དགུང་ལོ་ལྔར་ཕེབས་པ་ས་བྱི(༡༥༨༨)ལོར་ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེས་ཞྭ་དམར་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བཅུ་དྲུག་ལ་མ་ཕེབས་བར་དུ་ཐུགས་འཛིན་གནང་བའི་གཞུང་རྐྱང་པ་ཡང་དཔེ་ཚན་སུམ་ཅུ་སོ་གཅིག་ཙམ་ཡོད། བྱང་ངམ་རིང་དགོན་པ་སོགས་དགོན་པ་འགའ་ཞིག་ལ་རྣམ་འགྲེལ་དང་། དབུ་མ། ཕར་ཕྱིན། འདུལ་བ། མཛོད་སོགས་ཀྱི་གྲྭ་སྐོར་དམ་བཅའ་མཛད། དགུང་ལོ་བཅུ་དགུར་ཕེབས་པ་ཆུ་སྟག(༡༦༠༢)ལོར་ཀརྨ་པ་དབང་ཕྱུག་རྡོ་རྗའིདྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཀརྨ་པ་དེ་ཉིད་དང་། མཚུར་ཕུ་རྒྱལ་ཚབ་རིན་པོ་ཆེ་སོག་ས་བླ་མ་མང་དུ་བསྟེན་ནས་མདོན་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། དབུས་གཙང་ཀོང་པོ། དྭགས་པོ། ལྷོ་ཁ་བཅས་ཀྱི་ས་གནས་ཕལ་ཆེ་བར་ཕེབས་ནས་སོ་སོའི་འདོད་མོས་དང་མཐུན་པའི་ཆོས་བཀའ་གང་དགོས་བསྕལ། དགུང་ལོ་ཉི་ཤུ་རྩ་དྲུག་པ་ས་བྱ(༡༦༠༩)ལོར་འཇང་ས་ཐམ་རྒྱལ་པོ་ཀརྨ་མི་ཕམ་བསོད་ནམས་རབ་བརྟན་གྱིས་བཀའ་འགྱུར་དཔར་བསྐྲུན་བྱ་རྒྱུའི་མ་ཕྱི་ལེགས་པ་ཞིག་དགོས་ཞེས་ཞུས་པ་ལྟར་དེ་སྔོན་རིན་སྤུངས་དོན་ཡོད་རྡོ་རྗེས་དབུས་གཙང་ཡོངས་སུ་དབང་བསྒྱུར་བྱས་སྐབས་ཚལ་གུང་ཐང་དུ་ཡོད་པའི་ཚལ་པ་བཀའ་འགྱུར་ཆ་ཚང་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་ལ་ཕུལ་བ་དེ་བསྐུར་བ་གནང་ཞིང་། འཇང་རྒྱལ་པོས་སྔ་རྗེས་སུ་གདན་འདྲེན་ཡང་ཡང་འབྱོར་བ་ལྟར་ཁམས་ཁུལ་དང་མཚོ་སྔོན་བརྒྱུད་འཇང་ས་ཐམ་ཕོ་བྲང་དུ་ཕེབས། བཀའ་འགྱུར་དཔར་བསྐྲན་གྱི་ལས་མཇུག་མ་གྲུབ་བར་དུ་ལོ་ཤས་བཞུགས་ཤིང་། དེའི་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། བཀའ་འགྱུར་གྱི་དཔར་བསྐྲུན་གྲུབ་ནས་དཔར་ཁང་དང་བཀའ་འགྱུར་ལ་རབ་གནས་གནང (འདི་རྗེས་སུ་ལི་ཐང་དགོན་པར་གདན་དྲངས་པར་བརྟེན་ཡོངས་གྲགས་སུ་ལི་ཐང་མཚལ་དཔར་ཟེར)དེ་ནས་བར་ཁམས་ལྷོ་བརྒྱུད་མཚུར་ཕུའི་གདན་སར་ཕྱིར་ཕེདས་གནང་། དགུང་ལོ་ཞེ་དྲུག་པ་ས་སྦྲུལ(༡༦༢༩)ལོར་སྟོད་མངའ་རིས་བརྒྱུད་ནས་བལ་ཡུལ་དུ་ཕེདས། དེ་ཁུལ་གནས་དང་། མཆོད་རྟེན། སྒུབ་ཕུག་སོགས་མཇལ་བ་གནང་ཞིང་། བལ་པོའི་རྒྱལ་པོ་ནས་ཀྱང་བལ་ཡུལ་དུ་བཞུགས་རིང་སྣེ་ལེན་གུས་བཀུར་ཕུན་སུམ་ཚོགས་པ་ཞུས། དེ་ནས་རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་ལ་ཕྱི་ཆུ་དབར་དུ་ཕེབས། དེར་བཞུགས་རིང་སྐུ་བསྙུན་ཏེ་དགུང་ལོ་ཞེ་བདུན་པ་ལྕགས་རྟ(༡༦༣༠)ལོར་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་མཚུར་ཕུར་སྤྱན་དྲངས་ཏེ་ཞྭ་དམར་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་ཞུགས་འབུལ་མ་བྱས་པར་དམར་གདུང་རིང་པོར་འཇོག་པའི་སྲོལ་བཞིན་དངུལ་གདུང་ལྷ་བབས་མཆོད་རྟེན་གྱི་བུམ་པའི་ནང་དུ་བཞུགས། གསུང་རྩོམ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་གསུང་འབུམ་དང་དཀར་ཆག་མཇལ་མ་མྱོང་ཡང་ལྗགས་རྩོམ་གང་གནང་གི་ཐོ་རགས་ཙམ་རྣམ་ཐར་ནང་འཁོད་འདུག་ཅིང་། རྣམ་ཐར་ལོ་རྒྱུས་པ《ཀམ་ཚང་ཆོས་འབྱུང》པོད་གཉིས་པའི་ཤོག་གྲངས་༡༢༨ནས༡༥༠བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
རབ་བྱུང་བཅུ་པའི་ཤིང་སྤྲེལ་སྤྱི་ལོ་༡༥༨༤ལོར་འབྲི་གུང་ཞོལ་ལུང་པ་སྤྲོ་ལུང་ཞེས་པ་སྐུ་འཁྲུངས། དགུང་ལོ་ལྔ་པར་ཀརྨ་པ་དབང་ཕྱུག་རྡོ་རྗེས་ཞྭ་དམར་པའི་ཡང་སྲིད་དུ་ངོས་འཛིན་གནང་། རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་སྤྱི་ལོ༡༦༣༠ལོ་སྐུ་གཤེགས།
- language:
- Tibetan