- zhwa lha khang
- ID:
- T241981
- ཞྭ་ལྷ་ཁང (Tibetan, Tibetan script, Original)
- > zhwa lha khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > shya lhakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(བོད་རང་སྐྱོང་ལྗོངས་མལ་གྲོ་གུང་དཀར་རྫོང)ཞྭ་ལྷ་ཁར་ལ་དབུས་སྟོད་ཞྭ་ལྷ་ཁང་ཡང་ཟེར། ད་ཡོད་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་༡༦༨༠ཟིན། དེ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བླའི་མཆོད་གནས་པཎ་ཆེན་བི་མ་ལ་མི་ཧྲའི་དངོས་སློབ་མྱང་ཏིང་འཛིན་བཟང་པོས་ཕྱག་བཏབ་ཅིང་། པཎ་ཆེན་བི་མ་ལ་མི་ཏྲ་རྒྱ་ནག་ཏུ་ཕེབས་ནས་ལོ་ལྔ་བཅུ་སོང་བའི་སྐབས་མྱང་ཏིང་འཛིན་བཟང་པོས་དམ་ཅན་རྡོ་རྗེ་ལེགས་པ་བྲན་ཏུ་བཀོལ་ནས་གཙུག་ལག་ཁང་བཞེངས་པར་བརྩམས་པ་ན། རྡོར་ལེགས་ཀྱིས་མདོ་ཁམས་སུ་སེར་བ་ཕབ་སྟེ་འབྲུ་རྔ་མོང་གི་རྒྱབ་ཁལ་ལྔ་བརྒྱ་ལོངས་པ་དྲངས། དངོས་གྲུབ་ལོངས་ཤིག་ཟེར་བ་ན། མྱང་བན་ཆེན་པོས་རྫུ་འཕྲུལ་གྱིས་ཞྭ་ནམ་མཁའ་ལ་གཟེད་པས་རྡོར་ལེགས་ཀྱིས་ལན་གསུམ་བསྐངས་ཀྱང་མ་ཁེངས་པ་སོགས་ལ་བརྟེན་སྣོད་ཀྱི་མིང་ལས་ཞྭ་ལྷ་ཁང་ཞེས་གྲགས་ཀྱང་དོན་ལ་དེ་བཞིན་གཤེགས་པ་ཉིད་ཀྱིས་གླང་རུ་ལུང་བསྟན་ལས་བྱང་ཕྱོགས་སུ་ཡུལ་ཤེ་སྣ་ཞྭ་ཞེས་བྱ་བའི་ས་འོག་ནས་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱུང་ནས་ཡུལ་གྱི་ས་མཚམས་སྲུང་བར་བྱེད་དོ་ཞེས་ལུང་བསྟན་པ་ལྟར་ཡུལ་དེའི་ཉེ་ལོག་ཤེ་སྣ་ཞྭ་ཞེས་པ་ནས་མྱང་བན་ཉིད་ཀྱིས་ཐུབ་དབང་བྱང་ཆུབ་ཤིང་དྲུང་མ་གཏེར་ནས་བཞེས་པ་སྟེང་ཁང་གི་ནང་རྟེན་དུ་བཞུགས། ས་མཚམས་སྲུང་ཞེས་པ་ནི་དབུས་སྟོད་འདི་དབུས་གཙང་རུ་བཞིའི་ཟད་མཐའ་ལ་ཉེ་བ་ཡིན་པས་སོ་ཞེས་སོགས་རྟེན་དང་བརྟེན་པའི་སྐོར་དང་། དར་གུད་བྱུང་ཚུལ་དང་དུས་རབས་བཅུ་བཞི་པའི་ནང་ཀློང་ཆེན་རབ་འབྱམས་པས་ཉམས་གསོ་གནང་བ་སོགས《འཇེགས་མེད་གླིང་པའི་གཏམ་ཚོགས》ལེའུ་སོ་ལྔ་པ་དབུ་རུ་ཞྭ་ལྷ་ཁང་གི་གཏམ་ཞེས་པར་གསལ་ལ། རྗེས་སུ་དགོན་བདག་སེ་ར་བྱེས་གྲྭ་ཚང་ནས་གནང་། རིག་གནས་གསར་བརྗེའི་སྐབས་ས་རྡོའི་ཕུང་པོར་སོང་ཡང་། བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག(༡༩༨༦)ལོར་དགོན་པ་ཉམས་གསོ་ཞུ་འགོ་བཙུགས་པ་དང་། དེ་སྔ་དགོན་པའི་མདུན་དུ་ཡོད་པའི་ཁྲི་ལྡེ་སྲོང་བཙན་གྱིས་མྱང་བན་ལ་གནང་བའི་ཞལ་བཞེས་ཡི་གེ་འཁོད་པའི་རྡོ་རིང་གཉིས་ནས་གཅིག་བཅག་པའང་ད་ལྟ་ལྷུ་སྒྲིག་བྱས་ནས་མཐོང་རྒྱུ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
(བོད་རང་སྐྱོང་ལྗོངས་མལ་གྲོ་གུང་དཀར་རྫོང) ཞྭ་ལྷ་ཁང་ལ་དབུས་སྟོད་ཞྭ་ལྷ་ཁང་ཡང་ཟེར། ད་ཡོད་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ༡༦༨༠ཟིན། དེ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བླའི་མཆོད་གནས་པཎ་ཆེན་བི་མ་ལ་མི་ཏྲའི་དངོས་སློབ་མྱང་ཏིང་འཛིན་བཟང་པོས་ཕྱག་བཏབ་ཅིང་། པཎ་ཆེན་བི་མ་ལ་མི་ཏྲ་རྒྱ་ནག་དུ་ཕེབས་ནས་ལོ་ལྔ་བཅུ་སོང་བའི་སྐབས་མྱང་ཏིང་འཛིན་བཟང་པོས་དམ་ཅན་རྡོ་རྗེ་ལེགས་པ་བྲན་ཏུ་བཀོལ་ནས་གཙུག་ལག་ཁང་བཞེངས་པར་བརྩམས་པ་ན། རྡོར་ལེགས་ཀྱིས་མདོ་ཁམས་སུ་སེར་བ་ཕབ་སྟེ་འབྲུ་རྔ་མོང་གི་རྒྱབ་ཁལ་ལྔ་བརྒྱ་ལོངས་པ་དྲངས། དངོས་གྲུབ་ལོངས་ཤིག་ཟེར་བ་ན། མྱང་བན་ཆེན་པོས་རྫུ་འཕྲུལ་གྱིས་ཞྭ་ནམ་མཁའ་ལ་གཟེད་པས་རྡོར་ལེགས་ཀྱིས་ལན་གསུམ་བསྐངས་ཀྱང་མ་ཁེངས་པ་སོགས་ལ་བརྟེན་སྣོད་ཀྱི་མིང་ལས་ཞྭ་ལྷ་ཁང་ཞེས་གྲགས་ཀྱང་དོན་ལ་དེ་བཞིན་གཤེགས་པ་ཉིད་ཀྱིས་གླང་རུ་ལུང་བསྟན་ནས་བྱང་ཕྱོགས་སུ་ཡུལ་ཤེ་སྣ་ཞྭ་ཞེས་བྱ་བའི་ས་འོག་ནས་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱུང་ནས་ཡུལ་གྱི་ས་མཚམས་སྲུང་བར་བྱེད་དོ་ཞེས་ལུང་བསྟན་པ་ལྟར་ཡུལ་དེའི་ཉེ་ལོག་ཤེ་སྣ་ཞྭ་ཞེས་པ་ནས་མྱང་བན་ཉིད་ཀྱིས་ཐུབ་དབང་བྱང་ཆུབ་ཤིང་དྲུང་མ་གཏེར་ནས་བཞེས་པ་སྟེང་ཁང་གི་ནང་རྟེན་དུ་བཞུགས། ས་མཚམས་སྲུང་ཞེས་པ་ནི་དབུས་སྟོད་འདི་དབུས་གཙང་རུ་བཞིའི་ཟད་མཐའ་ལ་ཉེ་བ་ཡིན་པས་སོ་ཞེས་སོགས་རྟེན་དང་བརྟེན་པའི་སྐོར་དང་། དར་གུད་བྱུང་ཚུལ་དང་དུས་རབས་བཅུ་བཞི་པའི་ནང་ཀློང་ཆེན་རབ་འབྱམས་པས་ཉམས་གསོ་གནང་བ་སོགསའཇིགས་མེད་གླིང་པའི་གཏམ་ཚོགས་》ལེའུ་སོ་ལྔ་པ་དབུ་རུ་ཞྭ་ལྷ་ཁང་གི་གཏམ་ཞེས་པར་གསལ་ལ། རྗེས་སུ་དགོན་བདག་སེ་ར་བྱེས་གྲྭ་ཚང་ནས་གནང་། རིག་གནས་གསར་བརྗེའི་སྐབས་ས་རྡོའི་ཕུང་པོར་སོང་ཡང་། བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག་སྤྱི་ལོ་ (༡༩༨༦) ལོར་དགོན་པའི་མདུན་དུ་ཡོད་པའི་ཁྲི་ལྡེ་སྲོང་བཙན་གྱིས་མྱང་བན་ལ་གནང་བའི་ཞལ་བཞེས་ཡི་གེ་འཁོད་པའི་རྡོ་རིང་གཉིས་ནས་གཅིག་བཅག་པའང་ད་ལྟ་ལྷུ་སྒྲིག་བྱས་ནས་མཐོང་རྒྱུ་ཡོད།
- language:
- Tibetan