- gzhan dbang sngon las kyi nad
- ID:
- T242019
- གཞན་དབང་སྔོན་ལས་ཀྱི་ནད (Tibetan, Tibetan script, Original)
- > gzhan dbang sngon las kyi nad (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyenwang ngön lé kyi né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྨན་དཔྱད་ཀྱིས་བཅོས་ཀྱང་འཚོ་མི་ནུས་པ་འཆི་བར་འགྱུར་བའི་ནད་ཀྱི་མིང་སྟེ། ཕྱི་མ་འཕྲིན་ལས་རྒྱུད་ལས། བརྒྱ་དང་རྩ་གཅིག་གཞན་དབང་སྔོན་གྱི་ལས། བཅོས་ཀྱང་མི་ཐུབ་འཆི་བའི་ནད་ཡིན་ལ། དེ་ཡང་བསྡུ་ན་སྲོག་གཅོད་ནད་དགུར་འདུས། ཚ་བ་ལ་ལས་འདས་དང་མ་འདས་གཉིས། དཔེར་ན་མེ་ལོང་ཐབ་ཏུ་བཅུག་པ་འདྲ། མ་ཞུ་ཆུས་སླེབ་ཞུ་ནས་དེས་མི་བཟློག གྲང་བ་གཏིང་ནས་འཁར་དང་མ་འཁར་གཉིས། དཔེར་ན་ལྡུམ་བུ་དང་ནི་སྡོང་རྒན་འདྲ། དང་པོ་ཚོས་སླ་གཉིས་པ་ཚོས་མི་འགྱུར། རླུང་ནད་སྲོག་རྟེན་ཆད་དང་མ་ཆད་གཉིས། དཔེར་ན་རྐོན་པ་ནང་གི་བྱ་དང་འདྲ། མ་ཤོར་ཟིན་ལ་ཤོར་ན་ཟིན་ཐབས་མེད། ཟུངས་ཟད་ནད་ལ་དེ་སྲོག་གནས་པ་སྟེ། ནད་བཅོམ་གྱུར་ན་སྲོག་ཀྱང་འཇིག་པའི་ཕྱིར། དཔེར་ན་རྨང་གིས་མ་ཐུབ་རྩིག་པ་འདྲ། རྣམ་པར་འཚེ་བ་གདོན་གྱིས་བླ་ཁྱེར་བ། འཚོ་བ་འདྲ་ཡང་ངེས་པར་འཆི་བ་སྟེ། དཔེར་ན་རྒྱུ་མ་ཕུག་པའི་མི་དང་འདྲ། འཚོ་བའི་ཚེ་ལས་བསོད་ནམས་གསུམ་ཟད་པ། ནད་གྲོལ་རྩ་ཤོར་འབྱུང་བ་འགག་པའི་ཕྱིར། དཔེར་ན་ནམ་གཞུག་ཆད་པའི་ཆར་པ་འདྲ། གཤེད་དུ་བབས་པ་ཚ་གྲང་གཉིས་འདོམ་པས། གཅིག་བཅོས་གཅིག་སྐྱེ་གཉེན་པོ་ཀུན་མི་ལེན། དཔེར་ན་ཐག་ཆོད་མི་ལ་གྲོས་འདེབས་འདྲ། སྦྱོར་བ་མཚུངས་པ་རྒྱུ་རྐྱེན་གཉེན་པོ་ལོག གང་བཅོས་གྲོགས་ཀྱི་ཐོག་ཏུ་བབ་པ་སྟེ། དུག་ཟིན་མི་ལ་བཙན་དུག་བླུད་པ་འདྲ། གནད་དུ་བབས་པས་སྲོག་གནས་བཅོམ་པ་སྟེ། སྲོག་རྩ་ཆད་པས་བཅོས་ཐབས་ཅི་ལ་རྙེད། གྲས་ཁ་བཙན་པོ་དགྲ་ལ་ཤོར་བ་འདྲ། ཞེས་དང་། འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཐོར་བུའི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། གཞན་དབང་སྔོན་ལས་ཀྱི་ནད་ནི། སྐྱེ་བ་གྲངས་མེད་ཀྱི་སྔོན་དུ་གཞན་ལ་ཕན་གནོད་ཀྱི་ལས་གང་དང་གང་བསགས་པ་དེ་དང་དེའི་དབང་གིས་ད་ལྟའི་ལུས་ལ་ཡང་དེ་ལྟར་དུ་རྣམ་པར་སྨིན་པ་ལས་བྱུང་བའི་ཚེ་རིང་ཐུང་སོགས་སྔོན་གྱི་ལས་ཇི་བཞིན་ལས་སྨན་དཔྱད་སོགས་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པ་འཆི་བར་འགྱུར་བའི་ནད་ཀྱི་མིང་ངོ་། ཞེས་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་མན་ངག་ལྷན་ཐབས་ཀྱི་བརྡ་བཀྲོལ་རྣལ་རྒྱལ་གསེར་མདོག་གི་ཕྲེང་བ་ལས། གཞན་དབང་སྔོན་ལས་ནི། འཕྲལ་རྐྱེན་ཡོད་མེད་ལ་མ་བལྟོས་པར་དུས་དེར་ངེས་པར་དུ་འཆི་བའི་ལས་ཀྱི་རྣམ་སྨིན་སྨིན་ཞིང་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པའི་ནད། ཅེས་གསུངས་པ་ལྟར་རོ། །
- language:
- Tibetan