Skip to main content Skip to search
'khrungs rabs/
ID:
T24205
  • འཁྲུངས་རབས (Tibetan, Tibetan script, Original)
    • > 'khrungs rabs/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trungrap (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Syn སྐྱེས་རབས་ [Jataka] story of previous life of Buddha

language:
English

2. Ives Waldo Dictionary

(Jataka story of previous life [of Buddha] (h

language:
English

3. Jim Valby Dictionary

birth stories or legends connected with one's birth

language:
English

4. bod rgya tshig mdzod chen mo

[331] སྐྱེས་རབས་ཀྱི་ཞེ་ས། 

language:
English

5. dung dkar bod rig pa'i tshig mdzod chen mo

ནང་པ་སངས་རྒྱས་ཆོས་ལུགས་ཐོག་མར་གསར་གཏོད་མཛད་པ་པོ་སྟོན་པ་སངས་རྒྱས་ཀྱི་འཁྲུངས་རབས་ནི། སྐུ་ཚེ་སྔོན་མར་སློབ་པ་ལམ་གྱི་གནས་སྐབས་སུ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕར་ཕྱིན་དྲུག་ལ་སློབ་པ་དང་ཡང་སྐུ་ཚེ་སྔོན་མར་གཞན་ལ་གནོད་པ་བྱས་པའི་གནས་ཚུལ་བཅས་སྐྱེས་རབས་ཀྱི་རྣམ་ཐར་བཀའ་འགྱུར་ནང་ཁ་འཐོར་ནས་ཡོད་པ་རྣམས་སློབ་དཔོན་དཔའ་བོས་ཕྱོགས་གཅིག་ཏུ་བསྡུས་པར་མཛད་པ<<སྐྱེས་རབས་སོ་བཞི་པ>>དང༌། དེར་མ་འདུས་པའི<<སྐྱེས་རབས་སུམ་ཅུ་རྩ་ལྔ་པ>>སློབ་དཔོན་སེང་གེ་ཞབས་འབྲིང་བས་མཛད་པ། <<སྐྱེས་རབས་དཔག་བསམ་འཁྲི་ཤིང>>ཆོས་རྒྱལ་དགེ་བའི་དབང་པོས་མཛད་པ་སོགས་བསྟན་འགྱུར་སྡེ་དགེ་དཔར་མའི་པོད[ཧུ][ཨུ][ཀ][ཁ][ག]བཅས་པོད་ལྔ་ཡོད་པ་དང༌། ཇོ་བོ་རྗེ་ཨ་ཏི་ཤ་དང༌། འབྲོམ་སྟོན་པ་གཉིས་ཀྱི་འཁྲུངས་རབས<<བཀའ་གདམས་བུ་ཆོས>>ཀྱི་ནང་རྒྱལ་པོ་གསལ་བ་ནས་རྒྱལ་པོ་སྐྱབས་སྦྱིན་བར་ལེའུ་ཉི་ཤུ་རྩ་གསུམ་གྱི་སྒོ་ནས་ཇོ་བོ་རྗེ་དང་འབྲོམ་སྟོན་པ་གཉིས་འཁྲུངས་རབས་མང་པོའི་རིང་ཡབ་དང༌། ཡུམ། སྲས། དགེ་བའི་བཤེས་གཉེན་སོགས་ཀྱི་རྣམ་པར་བསྟན་ནས་འབྲལ་མེད་དུ་འཁྲུངས་པའི་ལོ་རྒྱུས་གསུངས་ཡོད་པ་གཞིར་བཟུང་ནས་ཏཱ་ལའི་བླ་མ་རིན་པོ་ཆེ་དང༌། པཎ་ཆེན་རིན་པོ་ཆེའི་འཁྲུངས་རབས་རིམ་བྱོན་གྱི་ལོ་རྒྱུས་བསྒྲིགས་ཡོད་པ་དང༌། བོད་དུ་བླ་མའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་མ་བྱུང་གོང་དུ་ཡང་འཁྲུངས་རབས་ངོས་འཛིན་གྱི་སྲོལ་ཡོད་མུས་ཡིན། དེ་ནས་ཀརྨ་ཞྭ་ནག་པའི་སྐུ་ཕྲེང་གཉིས་པ་ཀརྨ་པལྷི་རབ་བྱུང་ལྔ་པའི་ཆུ་ལུག(༡༢༨༣)ལོར་སྐུ་གཤེགས་ནས་དེའི་ཕྱི་ལོར་ཀརྨ་པ་རང་བྱུང་རྡོ་རྗེ་སྐུ་འཁྲུངས་ཤིང༌། དེ་ནས་ལོ་ངོ་ལྔ་སོང་བ་རབ་བྱུང་ལྔ་པའི་ས་བྱི(༡༢༨༨)ལོར་གྲུབ་ཆེན་ཨོ་རྒྱན་པ་སོགས་སློབ་མ་འགའ་ཞིག་ལ་ང་རང་སྐྱེ་བ་སྔོན་མ་དེ་དང་དེ་ཡིན། ང་རང་ནི་ཀརྨ་པ་ཡིན་ཞེས་སོགས་སྔོན་གནས་རྗེས་དྲན་མང་པོ་གསུངས་པར་བརྟེན་ནས་ཀརྨ་པའི་འཁྲུངས་རབས་ངོས་འཛིན་ཞུ་སྲོལ་བྱུང་ཞིང༌། སྐུ་ཕྲེང་དང་པོ་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་པྲསྙོ་ཨ་ལརྐོ། གཉིས་པ་སློབ་དཔོན་མཚོ་སྐྱེས་ཀྱི་སློབ་མ་ཀཱ་མ་རྙེ་ནུ། གསུམ་པ་གྲུབ་ཆེན་རྙརྨ་རྙོ་རྙི། བཞི་པ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་འཁོན་རྒྱལ་བ་མཆོག་དབྱངས། ལྔ་པ་བཀའ་གདམས་གྱི་དགེ་བཤེས་པོ་ཏོ་བ། དྲུག་པ་ཀརྨ་པ་སྐུ་ཕྲེང་དང་པོ་ཡོངས་གྲགས་དུས་གསུམ་མཁྱེན་པ་ནས། ད་ལྟའི་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེ་བར་བཅས་དང༌། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ནི་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་གསུང་འབུམ་ལྕགས་དཔར་མ་དེབ་གཉིས་པའི་ཤོག་གྲངས༣༩༠ནས༣༩༣བར་གསལ་བ་འཕགས་པ་སྤྱན་རས་གཟིགས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་བར་སྐུ་ཕྲེང་ལྔ་བཅུ་ང་བརྒྱད་བགྲངས་པར་མཛད་འདུག པཎ་ཆེན་རིན་པོ་ཆེའི་སྐུ་ཕྲེང་ནི། ཡོངས་གྲགས་སུ་འཕགས་པའི་གནས་བརྟན་རབ་འབྱོར་ནས་གཡུང་སྟོན་རྡོ་རྗེ་དཔལ་བར་བཅུ་དང༌། དེ་ཐོག་སློབ་དཔོན་ཆེན་པོ་པརྨོ་འབྱུང་གནས། ཇོ་བོ་རྗེ་ཨ་ཏི་ཤམཉམ་མེད་དྭགས་པོ་ལྷ་རྗེ་བསྣན་པས་བཅུ་གསུམ། མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་ནས་ད་ལྟའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བཅས་བསྡོམས་པའི་འཁྲུངས་རབས་ཉི་ཤུ་རྩ་གསུམ་ཡོད་པ་དང༌། གཞན་ཡང་གོང་གསལ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་གསུང་འབུམ་ལྕགས་དཔར་མ་དེབ་གཉིས་པའི་ཤོག་གྲངས༣༩༣ནས༤༠༣བར་འོན་རྒྱལ་སྲས་རིན་པོ་ཆེ་དང༌། ནགས་ཤོད་སྟག་ཕུ་རིན་པོ་ཆེ། ཀོང་པོ་དེ་མོ་ཧོ་ཐོག་ཐུ། གུང་རུ་རྟ་ཚག་ཧོ་ཐོག་ཐུ། ལོ་སེམས་དཔའ་རིན་པོ་ཆེ། སླེ་ལུང་རྗེ་དྲུང་རིན་པོ་ཆེ། ཁལ་ཁ་རྗེ་བཙུན་དམ་པ། ཀུན་མཁྱེན་འཇམ་དབྱངས་བཞད་པ། ལྕང་སྐྱ་རོལ་པའི་རྡོ་རྗེ། ཟི་ལིང་སྟོང་འཁོར་རིན་པོ་ཆེ། བྲག་གཡབ་སྐྱབས་མགོན་ཧོ་ཐོག་ཐུ། བྲག་གཡབ་ཆུང་ཚང་ཧོ་ཐོག་ཐུ། ཆབ་མདོ་འཕགས་པ་ལྷ་ཧོ་ཐོག་ཐུ། ཆབ་མདོ་ཞི་བ་ལྷ་ཧོ་ཐོག་ཐུ། ལྕགས་ར་ཧོ་ཐོག་ཐུ། ཆབ་མདོ་རྒྱ་ར་རིན་པོ་ཆེ་བཅས་ཀྱི་སྐུ་ཕྲེང་སོ་སོའི་མཚན་ཐོ་ཙམ་གསལ་བ་དེར་གཟིགས། འཁྲུངས་རབས་དཔག་བསམ་འཁྲི་ཤིང༌། རྒྱ་གར་གྱི་སྙན་ངག་མཁན་རྒྱལ་པོ་དགེ་བའི་དབང་པོས་མཛད་པའི་<<སྐྱེས་རབས་དཔག་བསམ་འཁྲི་ཤིང>>ལ་ཞེ་ས་བྱས་པའི་མཚན་ཡིན། འདི་ལ་ལེའུ་ཞེས་པའི་ཚབ་ཏུ་ཡལ་འདབ་ཅེས་སྨྲོས་པའི་ཡལ་འདབ་བརྒྱ་དང་བརྒྱད་ཡོད་པ་ལས། གཤམ་གྱི་ལེའུ་གཅིག་ནི་སྲས་ཟླ་བའི་དབང་པོས་ཁ་སྐོང་མཛད་པ་ཡིན། དེ་སྔོན་ས་སྐྱའི་འགྲོ་མགོན་འཕགས་པ་རིན་པོ་ཆེ་སོག་ཡུལ་ནས་བོད་དུ་ཕྱིར་ཕེབས་ཐེངས་དང་པོའི་སྐབས་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ལ་བཀའ་གནང་བ་ལྟར། རྒྱ་གར་དུ་ལོ་མང་རིང་སློབ་གཉེར་མཛད་ནས་ཕྱིར་ཕེབས་སྐབས་པཉི་ཏ་ལ་ཁྲིམ་ཀ་ར་བོད་དུ་གདན་དྲངས་ཏེ། མང་ཡུལ་སྐྱིད་གྲོང་གི་འཕགས་པ་ལྷ་ཁང་དུ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་ནས་ས་སྐྱའི་གཙུག་ལག་ཁང་དུ་ཞུས་དག་མཛད། དེ་རྗེས་རབ་བྱུང་བརྒྱད་པའི་ནང་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོས་སྐད་གཉིས་ཤན་སྦྱར་གྱི་སྒོ་ནས་སླར་ཡང་དག་པར་མཛད། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ཀྱིས་རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི་ཕྱག་དཔེ་རྒྱ་སྐད་བོད་སྐད་གཉིས་ཀ་ཡོད་པ་ལ་ཁུངས་གཏུགས་ཏེ་ཞུས་དག་གནང་བ་རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ(༡༦༦༥)ལོར་དཔར་སྐྲུན་མཛད། <<སྐྱེས་རབས་དཔག་བསམ་འཁྲི་ཤིང>>གི་ནང་དོན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཚེ་འདི་དང་སྔོན་རབས་གཙོ་བོར་བྱས་པའི་ཞར་ལ་འབྲེལ་ཡོད་གཞན་དག་གི་ལོ་རྒྱུས་བཅས་སྙན་ངག་གི་ཚིག་སྦྱོར་ལ་བརྟེན་ནས་བརྩམས་པ་ཡིན་པས་འགྲེལ་བཤད་མེད་ན་གོ་དཀའ་བར་བརྟེན། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་མཛད་པའི་མཆན་འགྲེལ་དང་རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་མཛད་པ་ནག་མཆན། ལྷ་རྒྱ་རི་བའི་རིགས་སྲས་ལྷ་འཇིག་རྟེན་དབང་ཕྱུག་གིས་མཛད་པའི་དམར་མཆན། རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་མཛད་པ<<དཔེག་བསམ་འཁྲི་ཤིང་གཏམ་རྒྱུད་དཔག་བསམ་འབྲས་བུ>>བྲིས་མ་ཤོག་གྲངས་༢༠༤དང༌། <<དཔག་བསམ་འཁྲི་ཤིང་གི་སྙན་ཚིག་གི་དོན་བཀྲོལ་བ་མཐོང་བ་དོན་ལྡན>>མཛད་བྱང་མི་གསལ་བ་དཔར་མ་ལ་ཤོག་གྲངས༢༢༣མཁས་དབང་པརྨོ་ཆོས་འཕེལ་གྱིས་མཛད་པའི<<རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས་བྱིས་པས་གོ་བདེ་བར་བཀོད་པ>>ལྕགས་དཔར་མ་ཤོག་གྲངས༥༢༥བཅས་ཡོད། འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་ལྡེབས་བྲིས་སྐོར། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་གཞིར་བཟུང་ན། རབ་བྱུང་བདུན་པའི་ཤིང་སྦྲུལ(༡༤༢༥)ལོར་རྒྱལ་རྩེ་སྡེ་སྲིད་རབ་བརྟན་ཀུན་བཟང་འཕགས་ཀྱིས་རྒྱལ་རྩེ་གཙུག་ལག་ཁང་ལྟེ་བའི་སྟེང་ཐོག་གི་བར་ཁྱམས་སུ། ཡལ་འདབ་གཉིས་པ། དཔལ་གྱི་སྡེའི་རྟོགས་བརྗོད་དང༌། ཡལ་འདབ་བཞི་པ། རྒྱལ་པོ་ང་ལས་ནུའི་རྟོགས་བརྗོད། ཡལ་འདབ་བདུན་པ། བུ་མོ་མུ་ཏིག་འཁྲི་ཤིང་གི་རྟོགས་བརྗོད། ཡལ་འདབ་བརྒྱད་པ། ཁྱིམ་བདག་དཔལ་སྦས་ཀྱི་རྟོགས་བརྗོད། ཡལ་འདབ་དགུ་པ། ཁྱིམ་བདག་མེ་སྐྱེས་ཀྱི་རྟོགས་བརྗོད། ཡབ་འདབ་བཅུ་བཞི་པ། ཆོ་འཕྲུལ་བསྟན་པ། ཡལ་འདབ་བཅོ་ལྔ་པ། ལྷ་ལས་བབས་པ། ཡལ་འདབ་ཉེར་གཉིས་པ། རྒྱལ་བྱེད་ཚལ་ཡོངས་སུ་བཟུང་བ། ཡལ་འདབ་ཉེར་བཞི་པ། རྒྱལ་པོ་ཐམས་ཅད་སྒྲོལ། ཡལ་འདབ་ཉེར་དགུ་པ། གླང་ཆེན་ནོར་སྐྱོང་བཏུལ་བ། ཡལ་འདབ་སུམ་ཅུ་པ། ཀ་ཤི་མཛེས་དགའ། ཡལ་འདབ་ཞེ་གཅིག་པ། རྒྱལ་པོ་ཨུ་ཏྲ་ཡ་ན། ཡལ་འདབ་ཞེ་གཉིས་པ། ཁྱིམ་བདག་བུ་མཁས་པ། ཡལ་འདབ་ཞེ་བརྒྱད་པ། རྒྱལ་དོན་ཀུན་གྲུབ་པ། ཡལ་འདབ་ཞེ་དགུ་པ། ཁྱིམ་བདག་གླང་པོ་སྐྱོང༌། ཡལ་འདབ་ང་གཉིས་པ། རྒྱལ་པོ་བསོད་ནམས་མི་དམན་པ། འདབ་ང་གསུམ་པ། རྒྱལ་བུ་ལེགས་བཤད་ཚོལ། ཡལ་འདབ་ང་དྲུག་པ། ཀླུ་བ་ལང་སྐྱོང་བཏུལ་བ། ཡལ་འདབ་ང་དགུ་པ། རྒྱལ་སྲས་ཀུ་ནཱ་ལ། ཡལ་འདབ་རེ་བདུན་པ། ཁྱེའུ་དགེ་འདུན་སྲུང༌། ཡལ་འདབ་བརྒྱ་དང་བཞི་པ། རྒན་རིམ་གོང་དུ་བཀུར་བ། ཡལ་འདབ་བརྒྱ་དང་བརྒྱད་པ། རྒྱལ་པོ་སྤྲིན་གྱི་བཞོན་པ་བཅས་ཡལ་འདབ་ཉི་ཤུ་རྩ་གཉིས་བདམས་ནས་བཀོད་པ་རྣམས། སྨན་ལུགས་ཀྱི་ལྷ་བྲིས་མཁས་པ་རྡོ་རྗེ་རྒྱལ་པོས་བྲིས་པ་དེ་ནི་དཔག་བསམ་འཁྲི་ཤིང་གི་ལྡེབས་བྲིས་སྔ་ཤོས་ཡིན་པ་དང༌། དེ་ནས་ལོ་སོ་དགུ་སོང་རྗེས་རབ་བྱུང་བརྒྱད་པའི་ཤིང་སྤྲེལ(༡༤༦༤)ལོར་གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱིས་གོང་དཀར་ཆོས་སྡེའི་དགོན་པ་ཕྱག་བཏབ་ནས་དེའི་འདུ་ཁང་གི་ལྡེབས་བྲིས་སུ་མཁྱེན་བརྩེ་ཆེན་མོའི་ཕྱག་བྲིས་དཔག་བསམ་འཁྲི་ཤིང་གི་ལྡེབས་བྲིས་བཀོད་པ་ཕུན་སུམ་ཚོགས་པ་ཡོད་ཚུལ་ཀ་ཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོས་མཛད་པའི<<དབུས་གཙང་གནས་ཡིག>>ལས་གསུངས། གཞན་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སུ་འབྲས་སྤུངས་ཚོགས་ཆེན་འདུ་ཁང་རྒྱ་བསྐྱེད་ཐོག ཤར་ནུབ་ཀྱི་ངོས་གཉིས་ལ་འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་ལྡེབས་བྲིས་ཆ་ཚང་འབྲི་གནང་མཛད་པས་མཚོན་གདན་ས་གསུམ་གྱི་གྲྭ་ཚང་ཁག་དང༌། ལྷ་ས་གཙུག་ལག་ཁང༌། ར་མོ་ཆེ། བཀྲ་ཤིས་ལྷུན་པོ། མདོ་སྨད་ཀྱི་གདན་ས་བཀྲ་ཤིས་འཁྱིལ་དང༌། སྐུ་འབུམ་བྱམས་པ་གླིང༌། རོང་པོ་དགོན་ཆེན་སོགས་རིས་མེད་གྲུབ་མཐའ་ཁག་གི་དགོན་སྡེ་ཆེ་བ་རྣམས་ཀྱི་འདུ་ཁང་གི་ལྡེབས་བྲིས་སུ་དཔག་བསམ་འཁྲི་ཤིང་གི་བཀོད་པ་འབྲི་སྲོལ་དར་རྒྱས་ཆེན་པོ་བྱུང༌། དཔག་བསམ་འཁྲི་ཤིང་གི་ཐང་ཀའི་སྨོར། འབྲི་གུང་མཐིལ་དུ་སྨན་ཐང་པའི་བྲིས་རྙིང་དཔག་བསམ་འཁྲི་ཤིང་གི་ཐང་ཀ་ངོ་གྲངས་ཉི་ཤུ་རྩ་ལྔ་བྱས་པ་སྤུས་ལེགས་ཤིག་ཡོད་ཚུལ་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོས་མཛད་པའི<<དབུས་གཙང་གནས་ཡིག>>ལས་གསུངས་ཤིང༌། ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་དང༌། བདུན་པ། བརྒྱད་པ་བཅས་ཀྱི་སྐབས་དཔག་བསམ་འཁྲི་ཤིང་གི་ཐང་ཀ་ཆ་ཚང་རེ་རེ་བཞེངས་གནང་མཛད་པ་དང༌། ལྷག་པར་དུ་ཀ་ཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་མཆོག་སྐུ་ན་ཕྲ་མོའི་དུས་ནས་རི་མོའི་ཕྱག་རྩལ་ལ་བྱང་ཆུབ་པར་བརྟེན་དགུང་ལོ་སོ་གཉིས་པ་རབ་བྱུང་བཅུ་གཉིས་པའི་ལྕགས་ཕག(༡༧༣༡)ལོར་དཔག་བསམ་འཁྲི་ཤིང་གི་ཐང་ཀ་ངོ་གྲངས་ཉི་ཤུ་རྩ་ལྔ་ཡོད་པ་གཙོ་ཐང་མ་གཏོགས་གཞན་དག་གི་དབུས་སུ་ཐུབ་དབང་གི་སྐུ་བརྙན་མི་དགོས་པར་མཛད་ཐོག་ནང་དོན་དང་མཐུན་པའི་མིའི་གཟུགས་བརྙན་རྣམས་བོད་བྲིས་ཀྱི་འབྲི་སྲོལ་གཞིར་བཟུང་ཡུལ་ལྗོངས་ཀྱི་བཀོད་པ་རྣམས་རྒྱ་རིགས་ཀྱི་འབྲི་སྲོལ་ལྟར་ཉེ་ཆེ་རིང་ཆུང་དང༌། སྣང་མུན་གསལ་འགྲིབ་ཀྱི་འབུར་ཐོན་རི་མོའི་སྒྱུ་རྩལ་བེད་སྤྱོད་མཛད་པའི་ཐང་ཀ་འགྲན་ཟླ་བྲལ་བ་དེ་དག་དེང་སང་མ་ཉམས་པར་བཞུགས་པ་དེ་བཞིན(༡༩༩༡)ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་འགྲེལ་བཤད་དང་ཆབས་ཅིག་ལྕགས་དཔར་མར་དཔེ་སྐྲུན་གནང་འདུག ལོ་གྲངས་ཞིབ་ཆ་མི་གསལ་ཡང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་སྣར་ཐང་བཀའ་འགྱུར་དང་བསྟན་འགྱུར་དཔར་བརྐོས་གྲུབ་རྗེས། སྐབས་དེར་བོད་དུ་ཡོད་པའི་སྨན་ཐང་པའི་ལུགས་ཀྱི་འབྲི་རྩལ་མཁས་པ་འདེམས་སྒྲུག་ཐོག་དཔག་བསམ་འཁྲི་ཤིང་གི་ཐང་ཀའི་ཤིང་དཔར་ངོ་གྲངས་ཉི་ཤུ་རྩ་གསུམ་ཡོད་པ་ཞིག་དཔར་སྐྲུན་བྱས་ཏེ་སྣར་ཐང་དཔར་ཁང་ཆེན་མོར་བཞག་པར་བརྟེན། དགོན་སྡེ་ཁག་ནས་རས་ཀྱི་གཞི་བཏུལ་མའི་ཐོག་སྣག་ཚས་དཔར་འདེབས་བྱས་རྗེས་ཆོན་བྲིས་བྱས་པའི་ཐང་ཀ་ཧ་ཅང་མང་པོ་རིས་མེད་དགོན་སྡེ་ཁག་ལ་དར་ཁྱབ་བྱུང་ཡོད་ཅིང༌། སྣར་ཐང་གི་དཔར་ཤིང་དེ་རིག་གསར་གྱི་ལས་འགུལ་སྐབས་རྩ་མེད་སོང་ཡོད་ཀྱང་དེ་ལ་དཔར་འདེབས་བྱས་ཏེ་ཚོན་བཏང་བའི་ཐང་ཀ་ནི་འབྲས་སྤུངས་གྲྭ་ཚང་གསུམ་དང༌། སེ་རའི་གྲྭ་ཚང་གཉིས། ལྷ་ས་གཙུག་ལག་ཁང་བཅས་ཀྱི་ནང་དེང་སང་མཇལ་རྒྱུ་ཡོད།

language:
Tibetan

6. Thupten Phuntsok Dictionary

ནང་པ་སངས་རྒྱས་ཆོས་ལུགས་ཐོག་མར་གསར་གཏོད་མཛད་པ་པོ་སྟོན་པ་སངས་རྒྱས་ཀྱི་འཁྲུངས་རབས་ནི། སྐུ་ཚེ་སྔོན་མར་སློབ་པ་ལམ་གྱི་གནས་སྐབས་སུ་རྒྱ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕར་ཕྱིན་དྲུག་ལ་སློབ་པ་དང་ཡང་སྐུ་ཚེ་སྔོན་མར་གཞན་ལ་གནོད་པ་བྱས་པའི་གནས་ཚུལ་བཅས་སྐྱེས་རབས་ཀྱི་རྣམ་ཐར་བཀའ་འགྱུར་ནང་ཁ་འཐོར་ནས་ཡོད་པ་རྣམས་སློབ་དཔོན་དཔའ་བོས་ཕྱོགས་གཅིག་ཏུ་བསྡུས་པར་མཛད་པསྐྱེས་རབས་སོ་བཞི་པ》དང་། དེར་མ་འདུས་པའིསྐྱེས་རབས་སུམ་ཅུ་རྩ་ལྔ་པ》སློབ་དཔོན་སེང་གེ་ཞབས་འབྲིང་བས་མཛད་པ། སྐྱེས་རབས་དཔག་བསམ་འཁྲི་ཤིང》ཆོས་རྒྱལ་དགེ་བའི་དབང་པོས་མཛད་པ་སོགས་ཡོད་དོ། །

language:
Tibetan

7. smon lam tshig mdzod chen mo

སྐྱེས་རབས་ཀྱི་ཞེ་ས།

language:
Tibetan

8. Negi Tibetan-Sanskrit Dictionary

= སྐྱེས་རབས śa.ko.201.

language:
Sanskrit