Skip to main content Skip to search
gzhis ka bsam don grub pa'i rtse mo
ID:
T242197
  • གཞིས་ཀ་བསམ་དོན་གྲུབ་པའི་རྩེ་མོ (Tibetan, Tibetan script, Original)
    • > gzhis ka bsam don grub pa'i rtse mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shyi ka samdön drubpé tsemo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གཞིས་ཁ་བསམ་གྲུབ་རྩེའམ། ཡོངས་གྲགས་སུ་གཞིས་ཁ་རྩེ་ཟེར་ཞིང་། དེང་སང་གཞིས་རྩེ་ས་ཁུལ་མི་དམངས་སྲིད་གཞུང་ཡོད་ས་དེ་ཡིན། རྫོང་འདི་སྣེ་གདོང་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ས་གླང(༡༣༤༩)ལོར་ས་སྐྱ་པའི་ལག་ནས་བོད་ཀྱི་སྲིད་དབང་བླངས་ཟིན་པའི་རྗེས་སུ་རྫོང་མང་པོ་བརྩིགས་པའི་གྲས་ཡིན་པར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཀྱི་དཔེ་དེབ་ཤོག་གྲངས༡༨༥པར་གསལ།

language:
Tibetan

2. Thupten Phuntsok Dictionary

གཞིས་ཀ་བསམ་གྲུབ་རྩེའམ། ཡོངས་གྲགས་སུ་གཞིས་ཀ་རྩེ་ཟེར་ཞིང་། དེང་སང་གཞིས་རྩེ་ས་ཁུལ་མི་དམངས་སྲིད་གཞུང་ཡོད་ས་དེ་ཡིན། རྫོང་འདི་སྣེ་གདོང་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ (༡༣༤༩) ལོར་ས་སྐྱ་པའི་ལག་ནས་བོད་ཀྱི་སྲིད་དབང་བླངས་ཟིན་པའི་རྗེས་སུ་རྫོང་མང་པོ་བརྩིགས་པའི་གྲས་ཡིན།

language:
Tibetan