- gzhung 'bru spyi mdzod khang
- ID:
- T242244
- གཞུང་འབྲུ་སྤྱི་མཛོད་ཁང (Tibetan, Tibetan script, Original)
- > gzhung 'bru spyi mdzod khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyung dru chi dzö khang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དེ་སྔ་བོད་ས་གནས་སྲིད་གཞུང་འོག་གི་ལས་ཁུངས་ཤིག་སྟེ། བོད་རབ་བྱུང་བཅུ་དྲུག་པའི་མེ་བྱ་སྤྱི་ལོ (༡༩༥༧) ལོར་གཞུང་འབྲུ་སྤྱི་མཛོད་ཁང་བཙུགས་པ་དེར་དོ་དམ་པ་ཐོག་མ་སྲིད་ཟུར་གལ་ང་མདུན་ཀུན་དགའ་དབང་ཕྱུག (གུང) དང་། ཛ་ཐའི་གཉིས། མཁན་རིམ་གཉིས། ལས་བྱ་སེར་སྐྱ་ཉི་ཤུ་སྐོར། དྲུང་ཡིག་གསུམ་བཅས་ཡོད་ཅིང་། ལས་ཁུངས་དེ་བཙུགས་རྗེས་དེ་སྔའི་རྫོང་གཞིས་ཁག་གི་གཞིས་འབྲུའི་འབབ་དེབ་ཚང་མ་རྩིས་ཁང་ལས་ཁུངས་དང་འབབ་ཞིབ་ལས་ཁུངས་སུ་ཡོད་པ་རྣམས་དང་། སོ་ནམས་ལས་ཁུངས་དང་། རྩེ་ཤོད་གཉེར་ཚང་ལས་ཁུངས ། ཞོལ་གཉེར། ཞོལ་སྤྱི་ཕོགས་ཁང་། ལྷ་ས་ཚེ་གླིང་དོ་དམ། དབུས་གཙང་འབྲུ་རིགས་བསྡུ་གཏོང་ལས་ཁུངས་ཁག་གི་ཁོངས་ནས་ཞོལ་གཉེར་ནས་རྩེ་ཤོད་གསོལ་ཐབ་ཏུ་ལྗགས་གྲོ། ལྗགས་སྨིན་ཕུག་དཀར་འབུལ་དགོས་པ་སོགས་རང་འཇགས་སུ་བཞག་པ་ཕུད། དེ་བྱིངས་འབྲུ་རིགས་ལས་ཁུངས་ཚང་མ་ཟླ་བསྒྲིལ་ནས་གཞུང་འབྲུ་སྤྱི་མཛོད་ཁང་ནས་སྔར་ལམ་མཆོད་རྒྱུན་ཁག་དང་། གཞུང་ཞབས་སེར་སྐྱ། རྩེ་ཤོད་ནང་གཟན། གད་ཁང་ཁག་གི་ཕོགས་ཐོབ། དམག་ཕོགས། གཞན་ཡང་ཨར་ལས་དགོས་འབྲུ་སོགས་འཆར་འཕར་གྱི་འབྲུ་རིགས་གཏོང་གཞི་གང་ཡོད་ནར་གཏོང་དགོས་པ་ཡིན།
- language:
- Tibetan