- bzhi sde bsam gtan gling
- ID:
- T242291
- བཞི་སྡེ་བསམ་གཏན་གླིང (Tibetan, Tibetan script, Original)
- > bzhi sde bsam gtan gling (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyi dé samten ling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་ནི་ལྷ་ས་ར་མོ་ཆེའི་ལྷོ་ནུབ་ཕྱོགས་རྒྱང་ཐག་ལེ་དབར་གང་ཙམ་སར་གནས་ཡོད་ཅིང་། 《ཆོས་འབྱང་བཻཌཱུརརྱ་སེར་པོ》ཡི་ནང་། ར་མོ་ཆེ་བཞི་སྡེ་ནི་ཚལ་པ་ཁྲི་དཔོན་དགའ་སྡེ་བཟང་པོས་རྒྱས་བཏབ་གཙུག་ལག་ཁང(ར་མོ་ཆེ)དུ་མཆོད་འབུལ་བ་བཞི་གྲྭ་བཙུགས་པས་མིང་བཞི་སྡེ་བ་ཞེས་བཏགས་པར་གྲགས་ཤིང་ཞེས་གསལ་བ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་རྣམ་ཐར《དཔག་བསམ་རིན་པོན་ཆེའ་སྙེ་མ》ཞེས་པའི་ནང་བཞི་སྡེ་གྲྭ་ཚང་འདི་ཉིད་མངའ་བདག་ཁྲི་རལ་གྱི་དུས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཕྱོགས་བཞིར་དགེ་འདུན་གྱི་སྡེ་རེ་བཙུགས་པའི་གྲས་དགའ་བ་ཞེས་པ་ཡིན་ཚུལ་དང་། ཕྱིས་ཚལ་པ་ཁྲི་དཔོན་གྱིས་ཀྱང་འཕེལ་རྒྱས་སུ་བཏང་སྐད་འདུག་ནའང་ཞེས་སོགས་གསལ་ལ། སྤྱི་ལོའི་དུས་རབས་དགུ་པའི་ནང་རྒྱལ་པོ་གླང་དར་མས་སངས་རྒྱས་ཆོས་ལུགས་སྣུབས་པའི་སྐབས་དགོན་པ་འདི་ཡང་གཏོར་བཤིག་ཕོག་པ་དང་། ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལིའི་སྐབས་ཚལ་པ་ཁྲི་དཔོན་དགའ་བདེ་དཔལ(རབ་བྱུང་ལྔ་པའི་མེ་གླང(༡༢༧༧)ནས་རབ་བྱུང་ལྔ་པའི་ལྕགས་གླང(༡༣༠༡)ལོ་བར་ཁྲི་དཔོན་བྱས)གྱི་གྱབ་སྐྱོར་འོག་བཞི་སྡེ་གྲྭ་ཚང་དེ་སྔོན་མའི་རྨང་གཞིའི་ཐོག་རྒྱ་བསྐྱེད་དང་དགེ་འདུན་ཞལ་གྲངས་ཉི་ཤུ་ལྷག་ཙམ་འཕར་སྣོན་ཐོག་ཚལ་པའི་མངའམཁོངས་ནས་མཆོད་གཞིས་ཁག་གཅིག་འབུལ་སྦྱོར་བྱས། རབ་བྱུང་བཅུ་གཅིག་པའི་ནང་གཙང་པའི་དམག་འཁྲུག་མ་བྱུང་བར་དུ་རྨེ་རུ་གྲྭ་ཚང་གི་མཁན་པོས་གཅིག་ལྕོགས་སུ་འཛིན་སྐྱོང་གནང་མུས་ཡིན་ཀྱང་། དེ་ནས་རྨེ་རུ་བ་དང་བཞི་སྡེ་གཞིས་གྲྭ་ཚང་སོ་སོར་ཁ་བྲལ་ཏེ་སློབ་དཔོན་ཟུར་དུ་བསྐོ་བའི་འགོ་ཚུགས། དུས་རབས་བཅོ་བརྒྱད་པའི་མཇུག་ཙམ་ལ་རྭ་སྒྲེང་ཧོ་ཐོག་ཐུ་སྐུ་ཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས(ཁོང་གི་སྐུ་ཕྲེང་གོང་མ་ངག་དབང་མཆོག་ལྡན་གྱིས་དགའ་ལྡན་ཁྲི་པ་གནང་མྱོང་སྟབས་སྐུ་ཕྲེང་འདི་ལ་ཡང་ཁྲི་ཆེན་གྱི་མཚན་ཐོགས་པ་ཙམ་ལས་དངོས་སུ་དགའ་ལྡན་ཁྲི་པ་གནང་མྱོང་མེད)ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེ་ཞིང་། ཆོས་ལུགས་ཀྱི་མཛད་སྒོ་མང་ཆེ་བ་བཞི་སྡེ་དགོན་པར་གནང་བར་བརྟེན་བཞི་སྡེ་གྲྭ་ཚང་དང་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་ཆགས་ཏེ་དགོན་པའི་ལས་སྣེ་གྲྭ་དམངས་སྤྱི་མོས་ཐོག་ནས་རེ་འདུན་ཞུས་པ་ལྟར་དགོན་པའི་འཛུན་བདག་གནང་ཐོག་དགོན་པ་འདི་སྔར་བས་གཞི་རྒྱ་ཆེ་བའི་ཉམས་གསོ་རྒྱ་བསྐྱེད་བྱུང་བ་ནས་བཟུང་རྭ་སྒྲེང་ཧོ་ཐོག་ཐུ་སྐུ་ཕྲེང་རྗེས་མ་རྣམས་ལྷ་སར་བཞུགས་ཡུལ་གྱི་ལྟེ་བ་ལྟ་བུར་གྱུར་ཅིང་། མན་ཆིང་གོང་མས་ཀྱང་དགའ་ལྡན་བསམ་གཏན་གླིང་ཞེས་པའི་བསྔགས་བརྗོད་སྒོ་བྱང་ཡང་གནང་ཡོད་ལ། སྐུ་ཕྲེང་སྔ་མའི་སྐབས་ལྟར་ནོ་མོན་ཧན་གྱི་མཚན་གནས་རང་འཇགས་ཡོད་པའི་ཐོག ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་དང་བཅུ་གཉིས་པ་སྐུ་ན་ཕྲ་མོའི་སྐབས་རྭ་སྒྲང་ནས་བོད་ས་གནས་ཀྱི་སྲིད་སྐྱོང་འགན་བཞེས་སྔ་རྗེས་ཐེངས་གཉིས་ཙམ་གནང་རིང་སླར་ཡང་བཞི་སྡེ་དགོན་པར་སྔར་ལས་ལྷག་པའི་རྒྱ་བསྐྱེད་བྱུང་སྟེ། ལྷ་སར་ཡོད་པའི་གླིང་ཁག་བཞིའི་ནང་ནས་བཀོད་པ་ལེགས་ཤིང་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲས་ཤིག་ཏུ་རྩི་ཆོག་པ་བྱུང་། འབྲས་སྤུངས་རིགས་གྲྭའི་གཏོང་སྒོ་དངུལ་བསྒྱུར་བཏང་བའི་རྐྱེན་དང་། སྲིད་འཛིན་ལས་དམ་ཐུགས་འདོད་ལྟར་གནང་བ་སོགས་ཀྱིས་རྐྱེན་བྟས་འབྲས་སྤུངས་དང་དགའ་ལྡན་ཁོངས་གཏོགས་ཀྱི་གཞུང་ཞབས་མཐོ་དམན་མང་པོས་ངོ་ལོག་བྱས་ཏེ་སྲིད་སྐྱོང་རྭ་སྒྲེང་དགོངས་ཞུ་གནང་དགོས་པའི་ལས་འགུལ་བྱུང་བ་དང་དུས་མཚུངས་སེ་ར་དགོན་པ་དང་ས་གནས་སྲིད་གཞུང་བར་དམག་ཟིང་ལངས་ཏེ་དགོན་པ་འདིར་གཏོར་སྐྱོན་ཆེ་ཙམ་ཕོག་པ་མ་ཟད། རྭ་སྒྲེང་སྲིད་སྐྱོང་རང་ཉིད་ཀྱང་སྲིད་འཛིན་གྱི་ཕྱག་ཐམ་བསྣམས་ཏེ་སྐུ་འབུམ་དརྒྱུད་རྒྱ་ནག་ཏུ་བྲོས་བྱོལ་ཕེབས་དགོས་བྱུང་ཞིང་། ས་གནས་སྲིད་གཞུང་ནས་རྭ་སྒྲེང་གི་སྲིད་སྐྱོང་མཚན་གནས་མེད་པར་བཟོས་ཏེ། ཧོ་ཐོག་ཐུའི་གོ་གནས་རང་འཇགས་ཐོག ཡང་སྲིད་མུ་མཐུད་གདན་འདྲེན་མཞུས་ཆོག་པ་དང་། རྭ་སྒྲེང་སྐུ་ཕྲེང་གོང་མ་ཚོའི་སྐབས་ཀྱི་འཛིན་དབང་མཆོད་གཞིས་མི་སེར་རྣམས་སྔར་རྒྱུན་འཛིན་བདག་ཆོག་པ་མ་གཏོགས། སྲིད་སྐྱོངམའདིའི་སྐབས་སྲིད་གཞུང་གིས་གསར་དུ་ཕུལ་བའི་མཆོད་གཞིས་མི་སེར་རྣམས་གཞུང་བཞེས་བྱེད་རྒྱུའི་གཏན་འབེབས་བྱས། དེ་རྗེས་རྭ་སྒྲེང་ཕྲེང་བཞི་པ་ངག་དབང་ཡེ་ཤེས་སྨོན་ལམ་གྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པར་སྙན་ཞུ་ཕུལ་ཐོག རྭ་སྒྲེང་བླ་བྲང་གི་འཛིན་ཁོངས་མཆོད་གཞིས་དགོན་པ་མི་སེར་བཅས་ཡོངས་རྫོགས་ས་གནས་སྲིད་གཞུང་ལ་ཕྱིར་འབུལ་བྱས་ཏེ། སླད་ཕྱིན་རྭ་སྒྲེང་ཧོ་ཐོག་ཐུའི་ཡང་སྲིད་ངོས་འཛིན་ཞུ་མ་དགོས་པའི་རེ་བ་ནན་ཏན་ཞུ་གནང་མཛད་ཀྱང་། དེ་ལ་ཆོག་མཆན་མ་གནང་བར་ད་ཡོད་བླ་བྲང་གི་འཛིན་དབང་རྣམས་སྔར་རྒྱུན་བདག་སྐྱོང་གནང་དགོས་པ་དང་། ཡང་སྲིད་ངོས་འཛིན་མུ་མཐུད་བྱེད་དགོས་རྒྱུ་བཅས་ཀྱི་བཀའ་ཕབ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་རྗེས་བོད་ལྗོངས་སེར་སྐྱ་འཐུས་མི་རྒྱས་འཛོམས་ཀྱི་ཚོགས་འདུས་རེ་བསྐུལ་ཞུས་པ་ལྟར་རྭ་སྒྲེང་སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་ལོ་བདུན་ཙམ་སྲིད་སྐྱོང་གི་འགན་བཞེས་གནང་རྗེས། མཚན་ཞབས་སྟག་བྲག་ལ་རེ་བ་ཆེན་པོ་དང་བཅས་སྲིད་སྐྱོང་གི་ལས་འགན་རྩིས་སྤྲོད་གནང་ཡང་ཞ རྗེས་སུ་ཕན་ཚུན་འགལ་ཟླ་ཆེན་པོར་གྱུར་ནས་སྲིད་ཟུར་རྭ་སྒྲེང་དོ་དམ་བཙོན་འཇུག་ཐོག བླ་བྲང་གི་སྐུ་འཁོར་དང་། འབྲེལ་ཡོད་དཔོན་རིགས་མང་པོར་ཉེས་མིང་ཕོག་པ་དང་། བླ་བྲང་དང་། རྭ་སྒྲེང་དགོན་པ། བཞི་སྡེ་གྲྭ་ཚང་བཅས་ལ་གཏོར་བའིག་གི་གནོད་འཚེ་ཚབས་ཆེན་ཕོག་པ་མ་ཟད། དེ་རྗེས་ལས་འགུལ་རིམ་བྱུང་ནང་ཉམས་ཆག་ཆེན་པོ་བྱུང་སྟེ་ད་ལྟའི་དགོན་པ་ཆགས་ཤུལ་འདི་ཙམ་ལས་ལྷག་མེད། བཞི་སྡེ་དགོན་པ་འདིའི་བཟོ་བཀོད་ནི། འདུ་ཁང་དང་། ལྷ་ཁང་། རུང་ཁང་། ཤག་སྐོར་བཅས་ཚུད་པའི་སྒོ་ར་གྲུ་བཞི་མ་ཞིག་ཡིན་ཅིང་། རྒྱབ་ངོས་ནི་ལྷ་ཁང་དང་འདུ་ཁང་། བར་ཐོག་རབ་གསལ། སྟེང་ཐོག་བླ་བྲང་གི་ཁང་པ་ཁག་བཅས་ཐོག་བརྩེགས་ཡོད་པ་དང་། ཕྱོགས་གཞན་གསུམ་ནི་དགོན་པའི་རུང་ཁང་དང་ཤག་སྐོར་སྟེང་ཤོད་གཉིས་ཀྱིས་མཐའ་སྐོར་ནས་ཡོད། འདུ་ཁང་གི་ཕྱི་ངོས་སུ་ཁང་མིག་དགུ་དང་སྦུག་ཏུ་ཁང་མིག་བདུན་བཅས་ལ་ཀ་བ་བཞི་བཅུ་ཞེ་བརྒྱད་ཀྱིགས་ཁྱོན་ཡོད། འདུ་ཁང་གི་དཀྱིལ་དུ་གནམ་ཡངས་སེང་གཡབ་རབ་གསལ་གཏོད་པ་དེས་འདུ་ཁང་ནང་དུ་ཉི་འོད་ཕོག་ཐུབ་པས་དཀར་གསལ་དོད་པོ་ཡོད་པ་དེ་ནི་བོད་ཀྱི་དགོན་པ་ཁག་གི་འདུ་ཁང་ཆེན་མོའི་བཟོ་བཀོད་དམིགས་བསལ་ཅན་ཞིག་ཡིན། འདུ་ཁང་ནང་གི་བྱང་ངོས་ཚང་མར་ལྡེབས་བྲིས་ཡོད། སྦུག་གི་མཆོད་ཁང་སྟར་པ་གསུམ་ཡོད་པའི་དཀྱིལ་མ་ནི་མཆོད་ཁང་གཙོ་བོ་དང་། གཡས་གཡོན་གཉིས་ནི་ཞོར་གཏོགས་ལྷ་ཁང་ཡིན། ལྷ་ཁང་གསུམ་པོ་དེ་བསྡོམས་པའི་རྒྱ་ཁྱོན་ལ་ཀ་བ་བཅུ་གཉིས་ཡོད། འཇིམ་བཟོས་ཀྱི་སྐུ་འདྲ་དང་། ལྡེབས་བྲིས་བཅས་ཧ་ཅང་མང་པོ་ཡོད་ཀྱང་ད་ཆ་དེ་རྣམས་བསྡད་མེད། འདུ་ཁང་གི་རྒྱལ་སྒོའི་མདུན་དུ་སྒོ་འཕྱོར་དང་། གཡས་གཡོན་གཉིས་སུ་ཁང་མིག་གཉིས། མདུན་ངོས་རྡོ་སྐས་རིམ་པ་མང་པོས་བརྩེགས་གཉིས་ལྡན་གྱི་བོད་བཟོའི་ཁང་པ་ཤ་སྟག་ཡིན། དེང་སྐབས་འདུ་ཁང་གི་ལྷོ་ནུབ་ངོས་ཀྱི་ཟུར་ཞིག་སྐྱོན་བྱུང་བ་དང་།དེའི་ཞོར་གཏོགས་ཀྱི་ཁང་ཁུངས་ལེ་ལག་དང་སྟེང་ཐོག་གི་ཐོག་སོ་གཅིག་བཅས་རྣམས་མཐོང་རྒྱུ་མེད་ཅིང་། དེ་བྱིངས་ཀྱི་བཟོ་བཀོད་མང་ཆེ་བ་སྔར་བཞིན་གནས་ཡོད། གཞན་ཡང་དེ་སྔ་དུས་སྐབས་ཤིག་རིང་བཞི་སྡེ་གྲྭ་ཚང་དེ་དོག་བདེ་གསང་ཡིབ་ཏུ་ཆགས་ཚུལ་གྱིང་གྱང་རོ་ད་ལྟའང་སྣང་ལ། རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི(༡༧༥༤)ལོར་ཏཱམལའི་བླ་མ་སྐུ་ཕྲེང་བདུན་པས་མེ་ཏོག་ལྕང་གསེབ་ཅེས་པའི་ས་ཆར་བཞི་སྡེ་དགོན་པ་གསར་སྐྲུན་གནང་ཚུལ་རྣམ་ཐར་དུ་གསལ།
- language:
- Tibetan
2. Thupten Phuntsok Dictionary
དེ་ནི་ལྷ་ས་ར་མོ་ཆེའི་ལྷོ་ནུབ་ཕྱོགས་རྒྱང་ཐག་ལེ་དབར་གང་ཙམ་སར་གནས་ཡོད་དོ། །
- language:
- Tibetan